ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཀྲུང་གོ—ཨ་ཧྥུ་ཀ་ནི་སི་ཐན—ཕ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་གླེང་མོལ་ཚོགས་འདུ་ཐེངས་བཞི་པར་གཙོ་སྐྱོང་གནང་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན་ཕྱི་འབྲེལ་པུའུ་ཡིས་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་བསྒྲགས་དོན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཚེས3ཉིན་ཀྲུང་གོ—ཨ་ཧྥུ་ཀ་ནི་སི་ཐན—ཕ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་གླེང་མོལ་ཚོགས་འདུ་ཐེངས་བཞི་པར་གཙོ་སྐྱོང་གནང་རྒྱུ་དང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་ཐེ་མར་དང་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལུའེ་ཤིས་བཅས་བརྙན་ལམ་བརྒྱུད་དེ་ཚོགས་འདུར་ཞུགས་རྒྱུ་རེད། ཚོགས་ཐོག་ཏུ་རྒྱལ་ཁབ་གསུམ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བའི་མཐུན་འགྲིག་གི་འཕེལ་རིམ་དང་ཕྱོགས་གསུམ་གྱི་དངོས་སྒྲུབ་མཉམ་ལས། འཇིགས་སྐུལ་ལ་ངོ་རྒོལ་དང་བདེ་འཇགས་མཉམ་ལས་སོགས་ཀྱི་གྲོས་གཞིར་དམིགས་ནས་བསམ་འཆར་བརྗེ་རེས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།