ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་འཇར་མན་གྱིས་ཨ་མེ་རི་ཁ་དང་ཏེན་མག་གིས་ལྐོག་ཉན་བྱས་པའི་དོན་རྐྱེན་ལ་གསལ་བཤད་བྱེད་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སི་དང་འཇར་མན་གྱིས་ཨ་མེ་རི་ཁ་དང་ཏེན་མག་གིས་ལྐོག་ཉན་བྱས་པའི་དོན་རྐྱེན་ལ་གསལ་བཤད་བྱེད་དགོས་པའི་བླང་བྱ་བཏོན།

ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། ཧྥ་རན་སིའི་ཙུང་ཐུང་མཱ་ཁུ་ལུང་དང་འཇར་མན་གྱི་ཙུང་ལི་མཱོ་ཁུ་ཨར་གཉིས་ཀྱིས་བསྟན་དོན། ཨ་རའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཏེན་མག་གསང་འཕྲིན་སྡེ་ཁག་བརྒྱུད་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པར་ལྐོག་ཉན་བྱས་པའི་སྒྲུབ་སྟངས་དེ་དང་ལེན་བྱེད་ཐབས་མེད་ལ། ཧྥ་རན་སི་དང་འཇར་མན་གྱིས་ཨ་མེ་རི་ཁ་དང་ཏེན་མག་གིས་གསལ་བཤད་བྱེད་དགོས་པའི་བླང་བྱ་བཏོན།

རྒྱུས་ལོན་པ་ལྟར་ན། ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་པུའུ་ཀྲང་རིམ་པའི་བརྙན་རིས་གྲོས་ཚོགས་བསྡུས་པ་དང་། ཚོགས་འདུ་གྲོལ་རྗེས་ཀྱི་འཇར་མན་གྱི་ཙུང་ལི་མཱོ་ཁུ་ཨར་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཱ་ཁུ་ལུང་གིས་གསར་འགོད་པའི་འདྲི་ཚིག་ལ་ལན་གདབས་སྐབས་བཤད་དོན། ཨ་མེ་རི་ཁས་མནའ་འབྲེལ་རྒྱལ་ཚོགས་ལ་ལྐོག་ཉན་གྱི་བྱེད་ཐབས་སྤྱད་པར་དང་ལེན་བྱེད་ཐབས་མེད་པ་དང་། མནའ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་དག་གི་བར་གནས་ཚུལ་འདི་རིགས་ཀྱི་སྣང་ཚུལ་བྱུང་བར་ལྷག་ཏུ་དང་ལེན་བྱེད་ཐངས་མེད་ཅེས་བཤད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།