ཀྲུང་གོ་བོད་ཀྱི་དྲ་བ།

མ་ལི་ལྷོ་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མ་ལི་ལྷོ་ཕྱོགས་ཀྱི་པུའུ་ཀུའུ་ཉི་ས་ཁུལ་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་ཚེས་སུམ་ཅུ་ཉིན་གྱི་ཞོགས་པར་དྲག་ཆས་མི་སྣས་འཇབ་རྒོལ་ཐེབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར།

པུའུ་ཀུའུ་ཉི་ས་གནས་སྲིད་གཞུང་གིས་ཉིན་དེར་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར།  ས་དེའི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུ་ཡས་མས་སུ།    ས་ཁུལ་དེའི་རྒྱལ་ལམ་བདུན་པའི་ཞིབ་བཤེར་ས་ཚིགས་ཤིག་ལ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ།  ཉེན་རྟོག་པ་གཅིག་དང་རིམས་ནད་ཞིབ་བཤེར་སྡེ་ཁག་གི་ལས་བྱེད་མི་སྣ་གཅིག    ཁ་ལོ་བ་གཉིས་བཅས་འདུས་པའི་མི་ལྔ་རྐྱེན་ལམ་དུ་ཤོར་ཟེར།   ཐེངས་འདིའི་འཇབ་རྒོལ་ལས་ད་རུང་མི་བདུན་ལ་རྨས་ཕོག་ཡོད་པ་དང་།   དེའི་ཁྲོད་ཀྱི་མི་གསུམ་གྱི་རྨས་སྐྱོན་ཚབས་ཡིན།  རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་ཀྱིན་ཡོད།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་ལྔ་བར།   མ་ལི་སྲིད་གཞུང་དང་བྱང་ཕྱོགས་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་བར་ལ་ཞི་བདེ་དང་འདུམ་འགྲིག་གི་གྲོས་མཐུན་བཀོད།   ཡིན་ཡང་།   མ་ལི་བྱང་ཕྱོགས་ས་ཁུལ་དུ་ཉེ་བའི་ལོ་འགའི་རིང་ལ་འགལ་བ་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་པ་དང་།  དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།