ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བརྒྱ་དང་གྱ་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཞིང་ཆེན་མང་བོ་ནས་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བརྒྱ་དང་གྱ་དྲུག་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ནོའུ་ལི་སི་ཐན་ཞིང་ཆེན་དང་ལུའུ་ཀི་ཨར་ཞིང་ཆེན། ཝ་ཨར་ཏཱ་ཁི་ཞིང་ཆེན་སོགས་ཞིང་ཆེན་མང་བོ་ནས་ཐཱ་ལེ་པན་གྱི་དྲག་ཆས་པར་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བརྒྱ་དང་གྱ་དྲུག་ལས་གཞན། སྲིད་གཞུང་དམག་དཔུང་གིས་ད་རུང་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་གོ་བཞིར་རྨས་ཕོག

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་འགུལ་སྐྱོད་སྤེལ་ཏེ། པཱ་ཀི་ལན་ཞིང་ཆེན་གྱི་ཐཱ་ལེ་པན་གྱི་བཙོན་ཁང་ཞིག་ནས་བཀག་འཇུག་མི་སྣ་རེ་གཉིས་བསྐྱབས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།