ཀྲུང་གོ་བོད་ཀྱི་དྲ་བ།

པེད་ཏིན་གྱིས་ཨེ་ཤ་ཡཱའི་མི་རྒྱུད་ལ་འཁོན་སེམས་འཛིན་པའི་ནག་ཉེས་ལ་ངོ་རྒོལ་ཆམ་ཕབ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་ཉི་ཤུ་ཉིན་ཕོ་བྲང་དཀར་པོ་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་འོག་ཨེ་ཤ་ཡཱའི་མི་རྒྱུད་ལ་འཁོན་སེམས་འཛིན་པའི་ནག་ཉེས་ལ་ངོ་རྒོལ་ཆམ་ཕབ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ཞིག་བཀོད་དེ། པྲོག་གསར་གློ་ཚད་ཀྱི་འཁོན་འཛིན་ནག་ཉེས་ལ་རྒོལ་བའི་བཅའ་ཁྲིམས་ཞེས་པའི་བཅའ་ཁྲིམས་འཆར་ཟིན་དེ་དངོས་སུ་བཅའ་ཁྲིམས་སུ་གཏན་འཁེལ་བྱས། 

པེད་ཏིན་གྱིས་བཅའ་ཁྲིམས་འཆར་ཟིན་འགོད་པའི་མཛད་སྒོའི་སྟེང་བསྟན་དོན། ལོ་གཅིག་ལྷག་གི་རིང་ལ། ཨེ་ཤ་ཡཱའི་མི་རྒྱུད་མང་བོར་ཨ་མེ་རི་ཁ་བས་པྲོག་གསར་གློ་ཚད་རིམས་ནད་དང་འཁོན་འཛིན་གྱི་ཆམ་ཕབ་ཐེབས་ཡོད་ལ། འཚོ་བར་འཇིགས་དངངས་དང་སེམས་ཁུར་གྱིས་ཁེངས་ཡོད། འཁོན་འཛིན་གྱི་ནག་ཉེས་ཀྱི་མདུན་ནས་ཁུ་སིམ་མེར་སྡོད་པ་ཡང་ཐུན་མོང་གི་ཇུས་གཞི་ཞིག་ཡིན་པ་རེད། ཁོས་མང་ཚོགས་དག་མཐུན་སྒྲིལ་བྱས་ནས་འཁོན་འཛིན་ནག་ཉེས་དང་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཧཱ་ལི་སི་ཡིས་བསྟན་དོན། ཨ་མེ་རི་ཁར་ནམ་རྒྱུན་རིགས་རྒྱུད་རིང་ལུགས་དང་ཕྱི་ཡོང་ལ་འཁོན་སེམས་འཛིན་པའི་སེམས་ཁམས་ཡོད་པ་དང་། པྲོག་གསར་གློ་ཚད་རིམས་ནད་ལས་དྲག་ཏུ་འཕར་བའི་ཨེ་ཤ་ཡཱའི་མི་རྒྱུད་ལ་རྒོལ་བའི་དྲག་ཤུགས་དོན་རྐྱེན་དེ་རྒྱུ་མཚན་མེད་པར་གློ་བུར་དུ་བྱུང་བ་ཞིག་མ་ཡིན། ཁྲིམས་འཛུགས་ནི་མཇུག་སྒྲིལ་བ་མ་ཡིན་པས་ཨ་མེ་རི་ཁས་སྔར་བཞིན་ཨེ་ཤ་ཡཱའི་མི་རྒྱུད་ལ་རྒོལ་བའི་དྲག་ཤུགས་སོགས་འདྲ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།