ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས18ཉིན། ནེ་པ་ལའི་འཕྲོད་བསྟེན་དང་མི་འབོར་པུའུ་ཡིས་ནེ་པ་ལའི་མངའ་ཁོངས་སུ་རྒྱ་གར་གྱི་སྙན་ཞུ་ཕུལ་སྔ་ཤོས་ཀྱི་པྲོག་གསར་ནད་དུག་གཞན་འགྱུར་བྱས་པའི་ནད་དུག་རིགས་གཉིས་ཐོན་ཡོད་པ་ཤེས་རྟོགས་བྱུང་ཞེས་བཤད།
ནེ་པ་ལའི་འཕྲོད་བསྟེན་དང་མི་འབོར་པུའུ་ཡིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་བཤད་རྒྱུར། གཞན་འགྱུར་བྱས་པའི་པྲོག་གསར་གློ་ཚད་ཀྱི་ནད་དུག་དེ་གཉིས་ནིB1.617.1དངB1.617.2ཡིན་ལ། དེ་གཉིས་ནི་སྔར་ལས་ཉེན་ཁ་ཆེ་ཞིང་འགོས་བའི་རང་བཞིན་ཆེས་ཆེ་ལྡན་སྟབས་ལོ་ཚད་མི་འདྲ་བའི་མི་ཚོགས་ཁྲོད་བརྒྱུད་སྤེལ་བྱེད་སླ་བ་རེད།
ནེ་པ་ལ་རུ་ཟླ4པའི་ཟླ་མགོ་ནས་པྲོག་གསར་གློ་ཚད་རིམས་ནད་རབས་གསར་བ་བྱུང་བ་རེད། མིག་སྔར་ནེ་པ་ལར་བསྡོམས་པས་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ472354ཡོད་པ་དང་ཚེ་འདས་ནད་པ5411ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ནེ་པ་ལ་རུ་རྒྱ་གར་གྱི་སྙན་ཞུ་ཕུལ་སྔ་བའི་པྲོག་གསར་ནད་དུག་གཞན་འགྱུར་བྱས་པའི་ནད་དུག་རིགས་གཉིས་ཐོན་ཡོད་པ་ཤེས་རྟོགས་བྱུང་།