ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་རྒྱལ་སྤྱིའི་བར་འདུམ་འོག་ངོ་རྒོལ་ཕྱོགས་ཁག་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས12ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཁོས་རྒྱལ་སྤྱིའི་བར་འདུམ་འོག་རྒྱལ་ནང་གི་ངོ་རྒོལ་ཕྱོགས་ཁག་ཚང་མའི་བར་གྲོས་མོལ་བྱེད་འདོད་ཡོད་ལ། རྒྱལ་ནང་གི་ཞི་བདེ་དང་གཏན་འཇགས་ལ་འགན་སྲུང་བྱེད་པའི་གྲོས་མཐུན་ཞིག་འགོད་པའི་རེ་བ་ཡོད་ཟེར། 

མཱ་ཏུའུ་ལོ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་ནོར་ཝེ། ཝེ་ནེ་ཙུའེ་ལཱའི་གནད་དོན་གྱི་རྒྱལ་སྤྱིའི་འབྲེལ་གཏུགས་ཚན་ཆུང་གི་མཐུན་སྦྱོར་འོག་ངོ་རྒོལ་ཕྱོགས་ཁག་ཚང་མའི་བར་གྲོས་མོལ་བྱེད་རྒྱུའི་ཐག་བཅད་ཡོད། ཡུལ་དུས་གང་དང་རྣམ་པ་གང་ཡིན་ཡང་ངས་ཁོ་ཚོའི་བར་གྲོས་མོལ་བྱེད་རྩིས་ཡོད་ཟེར། 

མཱ་ཏུའུ་ལོ་ཡིས་བཤད་རྒྱུར། ཁོས་འཚོལ་ཞིབ་རང་བཞིན་གྱི་གྲོས་མོལ་རྐྱེན་སྲོལ་ཅིག་ལག་བསྟར་བྱས་ཏེ་རྒྱལ་ཁབ་ལ་ཕན་ཐོགས་ཡོད་མེད་ལ་བལྟ་འདོད་ཡོད་ཟེར། ཁོས་རྒྱལ་ནང་གི་སྐུལ་སྤེལ་ངོ་རྒོལ་ཕྱོགས་ཁག་གིས་དྲག་ཤུགས་དབང་འཕྲོག་གི་འཆར་གཞི་བསྐྱུར་ནས། ཁྲིམས་མཐུན་འདེམ་བསྐོའི་བགྲོད་ལམ་སྟེང་ཕྱིར་ལོག་པའི་རེ་བ་ཡོད། ཆབ་སྲིད་གྲོས་མོལ་གྱི་དམིགས་འབེན་གཙོ་བོ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་དང་རྒྱལ་ཁབ་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་། མི་ཚང་མར་རྒྱལ་ཁབ་གོང་འཕེལ་དང་དཔལ་འབྱོར་སླར་གསོའི་ཁྲོད་ཁེ་ཕན་ཐོབ་ཏུ་འཇུག་རྒྱུ་དེ་ཡིན་ཟེར། 

ཝེ་ནེ་ཙུའེ་ལཱའི་སྔོན་ཆད་ཀྱི་གྲོས་ཁང་གི་ཀྲུའུ་ཞི། ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་བཀའ་དབྱེ་ཏའོ་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། རྒྱལ་སྤྱིའི་བར་འདུམ་འོག་ཏུའུ་མཱ་ལོའི་སྲིད་གཞུང་བར་གྲོས་མོལ་བྱེད་པའི་རེ་བ་བཏོན་པ་དང་། རང་དབང་དང་འདྲ་མཉམ་གྱི་རྒྱལ་ཡོངས་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། རིམ་པ་སོ་སོའི་འདེམ་བསྐོའི་དུས་ཚོད་རེའུ་མིག་འགོད་པ། རྒྱལ་སྤྱིའི་ལྟ་ཞིབ་པས་འདེམ་བསྐོའི་བྱ་འགུལ་ལ་ལྟ་རྟོག་བྱེད་དགོས་པའི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།