ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུབ་མིས་ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟརམཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་ཚེས12ཉིན་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་བརྙན་རིས་སྤྱི་བསྒྲགས་ཚོགས་འདུའི་སྟེང་ ། ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་།

ཀྲང་ཅུན་གྱིས་བཤད་རྒྱུར། ཕྱི་འབྲེལ་གྱི་འབད་བརྩོན་སྐུལ་སློང་ལ་བརྟེན་ནས། འཐབ་འཁྲུག་མཚམས་འཇོག་པའི་དམིགས་འབེན་ཡོངས་སུ་མངོན་འགྱུར་བྱེད་དགོས། མཱ་ལེ་ཕུའུ་ཡི་དམག་དོན་འཁྲུག་རྩོད་ཀྱིས་མང་ཚོགས་རྣམས་ཡུལ་གྱར་དུ་བཏང་བ་དང་། མི་ཆོས་དང་འགལ་བའི་མཇུག་འབྲས་ཚབས་ཆེན་བཟོས་པ་མ་ཟད། ཕྱོགས་སོ་སོའི་འགལ་བ་ཇེ་དྲག་ཏུ་བཏང་ནས། ཆབ་སྲིད་ཀྱི་ཐག་གཅོད་བྱེད་པར་གཏོར་བརླགས་ཐེབས། དམག་དོན་ཐབས་ཇུས་ལ་ལམ་ཡག་པོ་མེད་པས། ཆབ་སྲིད་ཀྱིས་ཐག་གཅོད་བྱེད་པ་ནི་ཕྱོགས་སོ་སོའི་ཁེ་ཕན་དང་འཚམ་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཡེ་མིན་གནད་དོན་གྱི་ཆེད་བསྐོས་ཕོ་ཉས་ས་ཁུལ་དེའི་རྒྱལ་ཁབ་ཏུ་མཚམས་འདྲི་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། འདུམ་འགྲིག་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན། སོ་ཏི་ཨ་རབ་དང་ཡེ་མིན་སྲིད་གཞུང་གིས་ཞི་བའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་པར་དགའ་བསུ་ཞུ་བ་མ་ཟད། འབྲེལ་ཡོད་ཕྱོགས་སུ་བཏོན་པའི་འབད་པར་ནན་ཏན་གྱི་ཨ་ལན་སློག་པར་རེ་བ་བྱས་ཡོད་ཟེར།

ཀྲང་ཅུན་གྱིས་བཤད་རྒྱུར། ས་ཁུལ་རྒྱལ་ཁབ་ཀྱི་ནུས་པ་བཀོལ་སྤྱོད་བྱས་ནས། ནུས་ཤུགས་ཡོད་དགུས་ཆབ་སྲིད་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས། མི་ཆོས་རིང་ལུགས་ལ་འབོད་སྐུལ་བཏང་ནས། ཡེ་མིན་གྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།