ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་སུའུ་དབྱི་ཧྲི་མིས་བཟོས་གཙང་བོའི་ལྷོ་རྒྱུད་གྲུ་ལམ་རྒྱ་སྐྱེད་འཆར་གཞིར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་གཏོར་གཟུགས་མཆོད་རྟེན་ཚགས་པར་ཁང་གིས་ཚེས11ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་ཉིན་དེར་སུའུ་དབྱི་ཧྲི་མིས་བཟོས་གཙང་བོ་དོ་དམ་ཅུས་ཀྱིས་སྤྲད་པའི་སུའུ་དབྱི་ཧྲི་མིས་བཟོས་གཙང་བོའི་ལྷོ་རྒྱུད་གྲུ་ལམ་རྒྱ་སྐྱེད་འཆར་གཞིར་ཆོག་མཆན་བཀོད་པ་དང་།འཆར་གཞི་དེ་ལོ་གཉིས་ཀྱི་ནང་ལེགས་འགྲུབ་བྱེད་ཐུབ་ཟེར།

བསྒྲགས་པ་ལྟར་ན། སའེ་ཞི་དང་སུའུ་དབྱི་ཧྲི་མིས་བཟོས་གཙང་བོ་དོ་དམ་ཅུས་ཀྱི་ཀྲུའུ་ཞི་ཝུའུ་སཱ་མཱ་ལ་པུས་ཡའེ་གཉིས་ཨེ་ཅིབ་ཤར་བྱང་ས་ཁུལ་དབྱི་སི་མེ་ལེས་ཡཱ་ཞིང་ཆེན་གྱིས་རྣམ་གྲངས་སྣ་ཚོགས་སྤྲོད་པའི་མཛད་སྒོར་ཞུགས། སའེ་ཞི་ཡིས་བཤད་རྒྱུར། ད་ལོའི་ཟླ་གསུམ་པར་ཟོག་འདྲེན་གྲུ་གཟིངས་ལ་དོན་རྐྱེན་བྱུང་བ་ལས་སུའུ་དབྱི་ཧྲི་མིས་བཟོས་གཙང་བོའི་ལྷོ་རྒྱུད་གྲུ་ལམ་རྒྱ་སྐྱེད་དགོས་པའི་གལ་ཆེའི་རང་བཞིན་མངོན་པར་མཚོན་ཡོད་ཟེར།

སུའུ་དབྱི་ཧྲི་མིས་བཟོས་གཙང་བོ་ནི་ཡོ་རོབ་གླིང་དང་ཡ་གླིང་། ཧྥེ་གླིང་བཅས་གླིང་གསུམ་འབྲེལ་མཚམས་ཁུལ་གྱི་གནད་འགག་དང་། མཚོ་དམར་དང་ས་དབུས་རྒྱ་མཚོར་འབྲེལ་ཡོད།  སུའུ་དབྱི་ཧྲི་མིས་བཟོས་གཙང་བོའི་ཡོང་འབབ་ནི་ཨེ་ཅིབ་ཀྱི་རྒྱལ་ཁབ་ནོར་སྲིད་ཡོང་འབབ་དང་ཕྱི་དངུལ་གསོག་འཇོག་གི་ཡོངས་ཁུངས་གཙོ་བོ་གཅིག་ཡིན་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།