ཀྲུང་གོ་བོད་ཀྱི་དྲ་བ།

ཅ་ཧྲ་ས་ཁུལ་གྱི་དྲག་ཆས་པས་དབྱི་སི་རལ་ཕྱོགས་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ཏེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧཱ་མ་སིའི་དྲག་ཆས་ཕྱོགས་ཁག་ཁཱ་སང་ལུའུ་ཡིས་ཚེས11ཉིན་བཤད་རྒྱུར།   ཁཱ་སང་ལུའུ་ཡིས་ཉིན་དེའི་དགོང་མོར་དབྱི་སི་རལ་དབུས་ཕྱོགས་ཀྱི་གྲོང་ཁྱེར་ལཱ་ཝེ་ཧྥུའུ་རུ་མེ་ཤུགས་འཕུར་མདའ་འཕངས་ཟེར།  དབྱི་སི་རལ་མྱུར་སྐྱོབ་རྩ་འཛུགས་ཀྱིས་བཤད་རྒྱུར།   ཅ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཀྱི་འཇབ་རྒོལ་ལས་མི་གསུམ་རྐྱེན་ལམ་དུ་ཤོར་ཟེར།

ཕ་ལེ་སི་ཐན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།   ཚེས10ཉིན་གྱི་དགོང་མོ་ནས་བཟུང་།    ཅ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཀྱིས་སྔ་གཞུག་ཏུ་དབྱི་སི་རལ་ཕྱོགས་ལ་མེ་ཤུགས་འཕུར་མདའ་ལྔ་བརྒྱ་གཏོང་འཕེན་བྱས།  མིག་སྔར།  ཁཱ་སང་ལུའུ་ཡི་མགྲིན་ཚབ་པ་ཨ་པུའུ་ཝུའུ་པེད་ཏ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   གལ་ཏེ་དབྱི་སི་རལ་གྱིས་མུ་མཐུད་དུ་ཅ་ཧྲ་ས་ཁུལ་ལ་བར་སྣང་འགུལ་སྐྱོད་སྤེལ་ན།   ཁཱ་སང་ལུའུ་ཡིས་ཐི་ལ་ཝེ་ཧྥུའུ་ཡི་མཁར་ཟུར་ཐོག་ཁང་ཆེན་མོ་ཕར་རྒོལ་གྱི་དམིགས་འབེན་དུ་བྱེད་ངེས་ཟེར།

དབྱི་སི་རལ་མྱུར་སྐྱོབ་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར།   ཅ་ཧྲ་སུ་ཁུལ་གྱི་མེ་ཤུགས་འཕུར་མདའི་འཇབ་རྒོལ་གྱིས་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཨ་ཧྲིན་ཁེ་ལུང་དང་དབུས་ཕྱོགས་ཀྱི་གྲོང་ཁྱེར་ལི་ཞུང་ལེ་ཤེ་ཨན་གྱི་བུད་མེད་གསུམ་རྐྱེན་ལམ་དུ་ཤོར།   དབྱི་སི་རལ་སྨྱན་བྱད་ཀྱིས་བཤད་རྒྱུར།    མེ་ཤུགས་འཕུར་མདའི་འཇབ་རྒོལ་གྱིས་ད་རུང་མི་བརྒྱ་ལྷག་རྨས་ཟེར།

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་བཤད་རྒྱུར།    ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་ནས་དགོང་མོའི་དུས་ཚོད་བཅུ་གཅིག་བར་དུ་ཅ་ཧྲ་ས་ཁུལ་གྱི་དྲག་ཆས་པས་དབྱི་སི་རལ་ཕྱོགས་ལ་མེ་ཤུགས་འཕུར་མདའ་བཞི་བརྒྱ་བརྒྱད་ཅུ་གཏོང་འཕེན་བྱས་པ་དང་།  དེའི་ཁྲོད་ཀྱི་མེ་ཤུགས་འཕུར་མདའ་ཉིས་བརྒྱ་འགོག་ཐུབ་པ་བྱུང་།   ཕྱིར་རྒོལ་གྱི་ཚུལ་དུ་དབྱི་སི་རལ་དམག་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་དྲག་ཆས་པའི་དམག་དོན་དམིགས་འབེན་བརྒྱ་དང་སུམ་ཅུ་འགས་གཏོར་བཏང་ཟེར།    དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན།   དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་དྲག་ཆས་ཕྱོགས་ཁག་ལ་རྡུང་རྡེག་གཏོང་བའི་ཁ་གྲངས་སྔར་ལས་ཇེ་མང་ཏུ་གཏོང་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།