ཀྲུང་གོ་བོད་ཀྱི་དྲ་བ།

ལའོ་ཝའོ་ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་ཡུན་ནན་ཞིང་ཆེན་གྱིས་རིམས་འགོག་དངོས་རྫས་བསྐྱལ་ནས་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་ཡུན་ནན་ཞིང་ཆེན་གྱིས་ལོའོ་ཝའོ་ཕྱི་འབྲེལ་པུའུ་དང་བྱང་ཕྱོགས་མཐའ་མཚམས་ཞིང་ཆེན་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་དངོས་རྫས་རྩིས་སྤྲོད་རྩིས་ལེན་མཛད་སྒོ་ཚེས10ཉིན་ལའོ་ཝའོ་ཕྱི་འབྲེལ་པུའུ་ནས་བསྡུས།

ཀྲུང་གོ་རུ་སྡོད་པའི་ལའོ་ཝའོ་གཞུང་ཚབ་ཁང་གི་ཚན་ཙན་ཞང་ཧྥང་ཆཱང་གིས་རྩིས་སྤྲོད་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུང་གོ་དང་ལའོ་ཝའོ་གཉིས་ནི་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རམ་གྱི་ལས་སྐལ་ཐུན་མོང་ཚོགས་པ་ཡིན། ཉེ་ལམ་ལའོ་ཝའོ་རིམས་ནད་གནས་ཚུལ་གསར་བར་འཕྲད་པས། ཡུན་ནན་ཞིང་ཆེན་གྱི་ཕྱི་དོན་གཞུང་སྒྲུབ་ཁང་གིས་བྲེལ་མྱུར་ངང་ཁ་ཐུམ་ས་ཡ་གཅིག་གིས་རོགས་སྐྱོར་བྱས་ཏེ། ཡུན་ནན་ཞིང་ཆེན་སྲིད་གཞུང་དང་མི་དམངས་ཀྱིས་ལའོ་ཝའོ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་པ་ཡིན་ཟེར།

ལའོ་ཝའོ་ཕྱི་འབྲེལ་པུའུ་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཕའོ་སའེ་ཡིས་བཤད་རྒྱུར། ལའོ་ཝའོ་དཀའ་ཁག་ལ་འཕྲད་དུས་སུ། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་ཡིད་རྟོན་རུང་བའི་རྒྱབ་སྐྱོར་བྱས་པ་རེད། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ། ཡུན་ནན་ཞིང་ཆེན་གྱིས་འབྲེལ་ཡོད་རོགས་སྐྱོར་བྱ་བའི་ལས་དོན་གལ་ཆེན་ལག་བསྟར་བྱས་པ་དང་། ལྷག་པར་དུ་ཡུན་ནན་ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་གིས་ལའོ་ཝའོ་ཕྱི་འབྲེལ་པུའུ་དང་བྱང་ཕྱོགས་མཐའ་མཚམས་ཞིང་ཆེན་ལ་དུས་ལྟར་རོགས་རམ་འདོན་སྤྲོད་བྱས་པས། ང་ཚོར་སེམས་འགུལ་ཚད་མེད་ཐེབས་པ་མ་ཟད། ཡུན་ནན་ཞིང་ཆེན་སྲིད་གཞུང་དང་། ཕྱི་དོན་གཞུང་སྒྲུབ་ཁང་། ཡུན་ནན་མི་དམངས་བཅས་ལ་ལྷག་བསམ་རྣམ་དག་གི་གུས་འདུད་ཞུས་པ་ཡིན་ཟེར།

སའེ་ཕའོ་ཡིས་བཤད་རྒྱུར། ལའོ་ཝའོ་ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་ཟབ་མོ་བྱས་ཏེ། ལའོ་ཝའོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁྱིམ་ཚང་གཅིག་ལྟ་བུའི་བརྩེ་བ་དར་སྤེལ་དང་། རྒྱལ་ཁབ་གཉིས་ཀྱི་ས་ཁུལ་ཁག་བར་དང་ལྷག་པར་དུ་ཡུན་ནན་ཞིང་ཆེན་བར་གྱི་མཛའ་བརྩེའི་མཉམ་ལས་ཕྱོགས་ནས་གྲུབ་འབྲས་སྣ་ཚོགས་ལེན་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མ་འོངས་པར་རིམས་འགོག་སྙིང་སྟོབས་ས་ཁུལ་མང་ཆེ་བའི་འཕེལ་རྒྱས་གྲུབ་འབྲས་སུ་འགྱུར་བར་མཉམ་དུ་འབད་པ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།