ཀྲུང་གོ་བོད་ཀྱི་དྲ་བ།

སོ་མ་ལིའི་རྒྱལ་སའི་ཉེན་རྟོག་ཅུས་སུ་རང་སྲོག་གཅོད་པའི་འགས་གཏོར་དོན་རྐྱེན་བྱུང་ནས་མི་6རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་འཕྲིན། སི་མོ་ལིའི་རྒྱལ་ས་མའོ་ཅཱ་ཏི་ཧྲ་ཡི་ཉེན་རྟོག་ཅུས་སུ་ཚེས9ཉིན་གྱི་དགོང་མོར་རང་སྲོག་གཅོད་པའི་འགས་གཏོར་དོན་རྐྱེན་བྱུང་ནས་མི་6རྐྱེན་ལམ་དུ་ཤོར་བ་དང་།མི6ལ་རྨས་ཕོག

སོ་མ་ལིའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་སཱ་ཏིའི་ཁུ་ཡ་ཏིན་ཨ་ལིའི་ཡིས་བཤད་རྒྱུར།རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་བ་མི་གཅིག་གིས་ཉིན་དེའི་དགོང་མོར་མའོ་ཅཱ་ཏིའི་ཧྲ་བཱ་པའེ་ལིའི་ཁུལ་གྱི་ཉེན་རྟོག་ཅུས་སུ་འགད་རྫས་འགས་གཏོར་བྱས་ནས། མི་6རྐྱེན་ལམ་དུ་བཏང་བ་དང་།དེའི་ཁྲོད་བཱ་པའེ་ལི་ཆུས་ཉེན་རྟོག་ཅུས་ཡི་ཅུས་ཀྲང་དང་།བཱ་ལིའི་ཡོས་འ་ཏི་ཉེན་རྟོག་ཅུས་ཡི་ཅུས་ཀྲང་གཞོན་པ།དམག་མི3དང་འབངས་མི1དེ་མིན་མི6ལ་རྨས་ཕོག

ཡུལ་དངོས་ཀྱི་མི་ཞིག་གིས་བཤད་རྒྱུར།འཇབ་རྒོལ་བྱུང་སྐབས་ཉེ་འཁོར་དུ་མང་ཚོགས་མང་པོ་ཡོད་ཅིང་།འགས་གཏོར་གྱི་ཤུགས་ཆེ་ཞིང་།ཤི་རྨས་བྱུང་བའི་མི་གྲངས་འཕར་སྲིད་ཟེར། 

ད་ལྟ་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པར་སྒྲོག་གཏམ་མེད།དབྱེ་ཞིབ་མི་སྣས་འདོད་པ་ལྟར་ན།སོ་མ་ལིའི་ཐལ་སྤྱོད་རྩ་འཛུགས་ཀྱི“ན་གཞོན་ཏང”གིས་རྒྱུན་པར་འདིའི་རིགས་ཀྱི་འཇབ་རྒོལ་སྤེལ་བཞིན་འདུག་ཟེར།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།