ཨོ་སི་ཁྲུ་ལི་ཡའི་མཁས་པས་ཨོ་སི་ཁྲུ་ལི་ཡའི་ཆབ་སྲིད་མི་སྣའི་ནོར་འཁྲུལ་གྱི་གཏམ་བརྗོད་ལ་ངོ་རྒོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས5ཉིན། ཨོ་སི་ཁྲུ་ལི་ཡའི་ཞི་ཉི་སློབ་གྲྭ་ཆེན་མོའི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་དགེ་རྒན་ཏའེ་ཝེ་པུའུ་ལོ་ཧྥེ་ཡིས་ཞི་ཉི་ཞོགས་པའི་ཚགས་པར་སྟེང་རྩོམ་ཡིག་བཀོད་དེ། ཨོ་སི་ཁུ་ལི་ཡའི་མི་དམངས་ཀྱིས་རྒྱལ་ནང་གི་ཆབ་སྲིད་སྐུ་མགྲོན་ཉུང་ཤས་ཀྱིས་ཉེ་དུས་སུ་ས་ཁུལ་གྱི་རྣམ་པ་ཛ་དྲག་གི་གནས་སུ་བསྐྱལ་བར་ངོ་རྒོལ་བྱེད་པའི་འབོད་སྐུལ་བཏང་། ཁོས་ནན་གྱིས་བསྟན་དོན། ཨོ་སི་ཁྲུ་ལི་ཡའི་མི་མང་ཤོས་ཀྱིས་འཐབ་འཁྲུག་ལ་ངོ་རྒོལ་བྱས་ཏེ། སྲིད་གཞུང་ལ་རང་གི་ལངས་ཕྱོགས་གསལ་བོར་ཤེས་སུ་འཇུག་དགོས་ཟེར།

རྩོམ་ཡིག་དེའི་ཁ་བྱང་ལ་ཨོ་སི་ཁྲུ་ལི་ཡའི་མི་རྣམས་ཀྱིས་ཀྲུང་གོའི་བར་དུ་འཐབ་འཁྲུག་འབྱུང་མི་འདོད་པའི་བསམ་ཚུལ་འདོན་རན་སོང་ཞེས་ཟེར། རྩོམ་ཡིག་དེའི་ནང་བསྟན་དོན། དུས་ཡུན་ངེས་ཅན་ཞིག་གི་ནང་ལ་ཨོ་སི་ཁྲུ་ལི་ཡས་ཀྲུང་གོ་དང་འབྲེལ་བའི་གླེང་མོལ་བྱེད་སྐབས་འཐབ་འཁྲུག་དང་འབྲེལ་བའི་གཏམ་བརྗོད་སྤེལ་གྱིན་འདུག་ལ། གཏམ་བརྗོད་དེ་དག་གི་ལྟག་རྒྱབ་ན་ཨོ་སི་ཁྲུ་ལི་ཡའི་ཆབ་སྲིད་མི་སྣ་རང་གི་སྒེར་གྱི་དགོས་མཁོ་སྐུང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་རྒྱུ་རྐྱེན་ལའང་རགས་ལས་ཡོད། ཆབ་སྲིད་སྐུ་མགྲོན་དེ་དག་གིས་ཨ་མེ་རི་ཁ་ལ་རང་ཉིད་ཨ་རིའི་ལངས་ཕྱོགས་སུ་འགྲེང་ནས་མཉམ་དུ་ཀྲུང་གོ་ལ་རྒོལ་བའི་བསམ་ཚུལ་སྟོན་འདོད་པ་རེད། ཨོ་སི་ཁྲུ་ལི་ཡ་མི་དམངས་ཀྱིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བའི་གནད་དོན་ཐོག་གི་ནོར་འཁྲུལ་གྱི་གླེང་ཕྱོགས་ལ་ངོ་རྒོལ་གྱི་སྐད་འབོད་ཤུགས་ཀྱིས་སྒྲོག་འོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།