ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་དུང་ཕྱུར1.55ལ་བདེ་འཇགས་མིན་པའི་འབྲུ་རིགས་ཀྱི་གནད་དོན་ལ་འཕྲད་ཡོད་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས། འཛམ་གླིང་འབྲུ་རིགས་འཆར་གཞི་ཧྲུའུ། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ཚེས5ཉིན་དྲ་སྟེང་ནས《2021ལོའི་གོ་ལ་ཧྲིལ་བོའི་འབྲུ་རིགས་ཉམས་ཉེན་སྙན་ཞུ》སྤེལ་ཞིང་། སྙན་ཞུའི་ནང2020ལོ་གོ་ལ་ཧྲིལ་བོར་ཆེས་ཉུང་མཐར་ཡང་མི1.55ལ་བདེ་འཇགས་མིན་པའི་འབྲུ་རིགས་ཀྱི་གནད་དོན་ལ་འཕྲད་ཡོད་པར་མ་ཟད། འདས་ཟིན་པའི་ལོ་ལྔ་ཡི་ཆེས་མཐོ་བའི་ཚད་ལ་སླེབས་ཡོད་པར་བསྟན།

བདེ་འཇགས་མིན་པའི་འབྲུ་རིགས་གནས་ཚུལ་ཚབས་ཆེན་ཞེས་པ་ནི་ཚེ་སྲོག་གམ་འཚོ་གནས་ཐད་མཁོ་གལ་ཆེ་བའི་འབྲུ་རིགས་ཐད་ཀར་ཟ་རྒྱུ་མེད་པའི་དཀའ་ངལ་འཕྲད་པ་ལ་ཟེར། སྙན་ཞུ་ལས་མངོན་པ་ལྟར་ན། འགལ་འདུལ་དང་པྲོག་གསར་གློ་ཚད་ཀྱི་རིམས་ནད། ཐལ་དྲགས་པའི་གནམ་གཤིས་བཅས་ཀྱི་ཤུགས་རྐྱེན་འོག་ཉེ་བའི་ལོ་འགའི་རིང་གོ་ལ་ཧྲིལ་བོར་བདེ་འཇགས་མིན་པའི་འབྲུ་རིགས་ལས་སྐྱེད་པའི་གནས་ཚུལ་མུ་མཐུད་དུ་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་ཡོད་ལ། 2020ལོར་རྒྱལ་ཁབ་དང་ས་ཁུལ55ཡི་མི1.55ལ་ཉམས་ཉེན་དང་འབྲུ་རིགས་བདེ་འཇགས་མིན་པའི་གནས་ཚུལ་ལ་འཕྲད་ཡོད་སྟབས་ན་ནིང་དང་བསྡུར་ན་མི་ཁྲི2000ལྷག་ཇེ་མང་དུ་ཕྱིན་ཡོད།

ཧྥེ་གླིང་རྒྱལ་ཁབ་དུ་གནས་ཚུལ་འདི་མངོན་གསལ་ཡིན་ལ2020ལོར་གོ་ལ་ཧྲིལ་བོར་བདེ་འཇགས་མིན་པའི་འབྲུ་རིགས་ཀྱིས་ཤན་ཤུགས་ཐེབས་པའི་མི་གྲངས་ཁྲོད་གསུམ་ཆའི་གཉིས་ནི་ཧྥེ་གླིང་གི་སྐམ་སར་གནས་ཡོད། དེ་མིན་ཡེ་མེན་དང་ཨ་ཧྥུ་ཧན། སུ་རུ་ཡ་བཅས་གྱི་ལོ་སྔོན་མའི་འབྲུ་རིགས་ཉམས་ཉེན་ཚད་འཛམ་གླིང་གི་སྔོན་གྲས་སུ་སླེབས་འདུག

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།