ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དཔོན་རིགས་ཀྱིས་རྒྱ་གར་དུ་པྲོག་གསར་གློ་ཚད་རིམས་ནད་མཆེད་ཐེངས་གསུམ་པ་འབྱུང་ངེས་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་སྲིད་གཞུང་གི་དབུ་བཞུགས་ཚན་རིག་བློ་འདོན་པ་ཝེ་ཅཱ་དབྱི·ལཱ་ཅ་ཝན་གྱིས་ཚེས་ལྔ་ཉིན་བཤད་རྒྱུར། མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་མཆེད་སྟངས་ལ་དཔག་ན། རྒྱ་གར་དུ་མི་འགྱངས་པར་པྲོག་གསར་གློ་ཚད་རིམས་ནད་མཆེད་ཐེངས་གསུམ་པ་ཐོན་ངེས་ཟེར།

ལཱ་ཅ་ཝན་གྱིས་བསྟན་དོན། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་མཆེད་ཐེངས་གསུམ་པ་ག་དུས་སླེབས་ངེས་ཡིན་པ་དང་དེའི་གཞི་ཁྱོན་ཅི་ཙམ་ཆེ་མིན་སོགས་གསལ་བོ་མི་ཤེས་ནའང་། རིམས་ནད་མཆེད་ཐེངས་གསུམ་པར་ཁ་གཏད་འཇལ་བར་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།

རྒྱ་གར་དུ་མིག་སྔར་རིམས་ནད་ཀྱི་ཚ་རླབས་ཐེངས་གཉིས་པར་མཆེད་སྒང་ཡིན་ལ། རྒྱ་གར་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། རྒྱལ་ཁབ་དེར་འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ་པྲོག་གསར་གློ་ཚད་འགོས་པར་ངོས་བཟུང་བའི་ནད་པ་འབུམ་གསུམ་དང་ཁྲི་བརྒྱད་སྟོང་གཉིས་སུམ་བརྒྱ་བཅོ་ལྔ་ཡོད་ཅིང་། ཁྱོན་བསྡོམས་བྱེ་བ་གཉིས་དང་འབུམ་དྲུག་ཁྲི་དྲུག་སྟོང་ལྔ་བརྒྱ་དང་ཞེ་བརྒྱད་ཡོད། གསར་དུ་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་གསུམ་དང་བདུན་བརྒྱ་བརྒྱད་ཅུ་ཡོད་ཅིང་། ཁྱོན་བསྡོམས་རིམས་ནད་ཀྱི་དབང་གིས་ཤི་བའི་ནད་པ་འབུམ་གཉིས་དང་ཁྲི་གཉིས་སྟོང་དྲུག་བརྒྱ་དང་གྱ་བརྒྱད་ལ་སླེབས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།