ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས3ཉིན་བསྒྲགས་པའི་ཆེས་གསར་བའི་གཞི་གྲངས་ལྟར་ན། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ152534452ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས3ཉིན་གྱི་ཆུ་ཚོད16དང་སྐར་མ20བར(པེ་ཅིང་གི་ཆུ་ཚོད22དང་སྐར་མ20བར)དུ། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཉིན་སྔོན་མ་ལས721896ཇེ་མང་དུ་སོང་བ་དང་། བསྡོམས་པས152534452ལ་སླེབས་ཡོད། ཤི་བའི་ནད་པ་ཉིན་སྔོན་མ་ལས11711ཇེ་མང་དུ་སོང་སྟེ3198528ལ་སླེབས་ཡོད། །