ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་པའི་མི་རྣམས་རང་གི་མངའ་ཁོངས་སུ་གནས་སྐོར་བྱེད་པའི་ཚད་བཀག་ཇེ་ལྷོད་དུ་གཏོང་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་པའི་གནས་ཚུལ་དང་རིམས་ནད་ཀྱི་འཕེལ་ཕྱོགས་ལ་བསམ་བློ་བཏང་སྟེ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་པའི་མི་སྣ་དང་ཡང་ན་རིམས་ནད་ཀྱི་གནས་བབ་དེ་འདྲའི་ཚབས་ཆེན་མིན་པའི་རྒྱལ་ཁབ་ཀྱི་སྤྱི་དམངས་དག་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ཏུ་གནས་སྐོར་བྱེད་པའི་ཚད་བཀག་ཇེ་ལྷོད་དུ་བཏང་ཆོག་པའི་གྲོས་གཞི་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། རིམས་ནད་ཀྱི་གནས་བབ་དེ་འདྲའི་ཚབས་ཆེན་མིན་པའི་རྒྱལ་ཁབ་ནས་ཡོང་བའི་སྤྱི་དམངས་དག་དགོས་པ་ཆེར་མེད་པའི་རྒྱུ་མཚན་གྱིས་ཡོ་རོབ་གླིང་མནའ་འབྲེལ་དུ་ཡོང་བར་ཆོག་མཆན་འགོད་པ་ལས་གཞན། མ་མཐའ་ཡང་མ་ཡོང་བའི་ཡར་སྔོན་གྱི་ཉིན་བཞི་བཅུའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཆོག་མཆན་བཀོད་པའི་འགོག་སྨན་བརྒྱབ་པའི་མི་སྣ་ཚང་མ་ཡོ་རོབ་གླིང་དུ་ཡོང་ཆོག་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བྲེལ་མྱུར་བེད་སྤྱོད་གསལ་ཁྲའི་སྟེང་གི་འགོག་སྨན་བརྒྱབ་པའི་མི་སྣ་དག་ཀྱང་ཆོག་མཆན་བཀོད་པའི་གྲས་སུ་ཚུད་ཡོད་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ད་རུང་གཤིས་འགྱུར་པྲོག་གསར་ནད་དུག་ལ་མུ་མཐུད་དུ་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་རིམ་པ་ནས་མཐུན་སྦྱོར་བྱེད་ཐུབ་པའི་བྲེལ་མྱུར་ཚོད་འཛིན་རྐྱེན་སྲོལ་ཞིག་འཛུགས་པའི་གྲོས་གཞི་བཏོན། དེའི་དམིགས་ཡུལ་ནི་གཤིས་འགྱུར་ནད་དུག་ཡོ་རོབ་གླིང་མནའ་འབྲེལ་དུ་འགོ་བའི་ཉེན་ཁ་ཇེ་དམའ་རུ་གཏོང་བའི་ཆེད་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།