ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་སི་རལ་གྱི་ཙུང་ཐུང་ལ་གློག་འཕྲིན་བཏང་གནང་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2021-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཟླ་5པའི་ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་སི་རལ་ལ་མི་རྡོག་རྫིས་ཐེབས་པའི་དོན་རྐྱེན་ཆེན་པོ་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་ཐད་དབྱི་སི་རལ་གྱི་ཙུང་ཐུང་རུའེ་ཕུའུ་ལིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཟབ་མོ་ཞུས་པ་དང་རྐྱེན་ལམ་དུ་ཤོར་བ་རྣམས་ཀྱི་ཁྱིམ་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།


རྩོམ་སྒྲིག་པ། : གསང་བདག་རྒྱལ།