པུར་ཀ་རི་ཡཱ་ཡིས་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ཞིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུར་ཀ་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། པུར་ཀ་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ཞིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པ་དང་། དེ་རང་གི་མངའ་ཁོངས་ནས་མཐར་སྐྲོད་གཏོང་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་དེ་མཐར་སྐྲོད་གཏོང་བའི་རྒྱུ་རྐྱེན་གསལ་བོར་གླེང་མེད། 

པུར་ཀ་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་གཅིག་མཐུན་གྱི་བྱེད་ཐབས་སྤྱོད་པའི་ཁེ་དབང་སོར་འཇོག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།