ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་འབར་མའི་གནད་དོན་གྱི་དམིགས་བསལ་གྲོས་ཚོགས་ཡཱ་ཅཱ་ཏཱ་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་གི་གློག་འཕྲིན་ལྟར། ཟླ4བའི་ཚེས24ཉིན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་འབར་མའི་གནད་དོན་གྱི་དམིགས་བསལ་གྲོས་ཚོགས་ཡཱ་ཅཱ་ཏཱ་ནས་འཚོགས། 

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་འབར་མའི་གནད་དོན་གྱི་དམིགས་བསལ་གྲོས་ཚོགས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱ་ནས་ཚོགས་མགོ་བརྩམས། 

གྲོས་ཚོགས་སུ་ཞུགས་མཁན་ལ་ཝུན་ལའེ་དང་ཁམ་ཕུ་ཀྲེ། ཧིན་རྡུ་ཉི་ཞི་ཡཱ། མཱ་ལེ་ཞི་ཡཱ། སིང་ག་ཕོར། ཡོ་ནན་བཅས་ཀྱི་མགོ་ཁྲིད་པ་དང་། འབར་མ་རྒྱལ་ཁབ་ཀྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མེན་ཨང་ལའེ། དེ་མིན་ལའོ་ཝའོ་དང་ཐེ་གོ། ཧྥེ་ལེ་པེན་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་སོགས་ཡོད། 

ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱ་ཨར་སུའུ་ཏིས་ཀྱིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དེ་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པས་ཐོག་དང་པོར་ཡུལ་དངོས་གྲོས་ཚོགས་བསྡུས་པ་ཡིན་ལ། དེ་ལས་འབར་མའི་གནས་བབ་ལ་སེམས་ཁུར་བྱེད་པ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་འབར་མ་མིག་སྔའི་གནས་བབ་ལས་ཐར་བར་རོགས་རམ་བྱེད་པའི་ཆོད་སེམས་མཚོན་ཡོད་ཟེར། 

ཐེངས་འདིའི་གྲོས་ཚོགས་བདེ་འཇགས་ངང་སྤེལ་བར་འགན་སྲུང་བྱེད་ཆེད། ཧིན་རྡུ་ཉི་ཞི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཉེན་རྟོག་པ་སྟོང་བཞི་དང་བཞི་བརྒྱ་ཙམ་མངག་ནས་གཞུང་ལམ་དང་གནམ་གྲུའི་ཐང་། མགྲོན་ཁང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་སོགས་སུ་བཀོད་སྒྲིག་བྱས་ཡོད། 

ད་ལོའི་ཟླ་གསུམ་པའི་ཚེས་གཉིས་ཉིན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་བརྙན་རིས་ཀྱི་རྣམ་པས་དངོས་གཞི་མིན་པའི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྤེལ་བ་དང་། གྲོས་ཚོགས་གྲོལ་རྗེས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གསལ་སྒྲོག་སྤེལ་ཏེ། འབར་མའི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། འབར་མའི་ཕྱོགས་ཁག་སོ་སོས་ཞི་བའི་ཐབས་ཀྱིས་མིག་སྔའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།