ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགུལ་སྐྱོད་ཁྲོད་བྱས་རྗེས་ཆེན་པོ་འཇོག་དགོས་པར་སྐུལ་འདེབས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས22ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀའོ་ཐུ་ལེའི་སི་ཡིས་བརྙན་ལམ་གྱི་རྣམ་པ་བརྒྱད་དེ་མགོ་ཁྲིད་པའི་གནམ་གཤིས་དབུ་ཚོགས་སྟེང་ཞུགས་སྐབས་བཤད་རྒྱུར། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགུལ་སྐྱོད་ཁྲོད་ནུས་པ་གལ་ཆེན་འདོན་དགོས་པར་སྐུལ་འདེབས་བྱས། 

ཀའོ་ཐུ་ལའེ་སི་ཡིས་བརྙན་ལམ་ཁྲོད་བཤད་རྒྱུར། འདས་ཟིན་པའི་ལོ་ངོ10ནི་ཟིན་བྲིས་བཀོད་པའི་རིང་ལ་ཚ་བ་ཆེས་ཆེ་བའི་ལོ་ཡིན། གོ་ལ་ཧྲིལ་བོའི་གནམ་གཤིས་དྲོད་གྲང་ཧྲེ་ཧྲིའི་དྲོད་ཚད1.2ཡར་འཕར་ཡོད་པས་མགྱོགས་མྱུར་ངང་གནོད་འཚེའི་གནས་སུ་སླེབས་བཞིན་འདུག་ཟེར།

ཁོང་གིས་བཤད་རྒྱུར། ང་ཚོར་ལྗང་མདོག་གི་གོ་ལ་ཞིག་དགོས་པས་རྗེས་ཕྱོགས་ངེས་པར་དུ་ཡང་དག་གི་གྱི་ཁ་ཕྱོགས་སུ་བསྐྱོད་པར་ཁག་ཐེག་བྱེད་དགོས། 

ཀའོ་ཐུ་ལའེ་སི་ཡིས་དུས་རབས་འདིའི་དུས་སྐེད་དུ་འཛམ་གླིང་ཡོངས་ཀྱི་ཕྱིར་འབུད་མེད་པའི་མནའ་འབྲེལ་ཞིག་འཛུགས་པའི་སྐོར་གྱི་ལངས་ཕྱོགས་བསྐྱར་བཤད་བྱས། རྒྱལ་ཁབ་སོ་སོའི་རྗེས་མའི་ལོ་ངོ10ནི“རྣམ་པ་བསྒྱུར་བའི་ལོ་ངོ10”རུ་བྱས་ཏེ།  རྒྱལ་ཁབ་སོ་སོས་རྣམ་པ་གསར་བ་དང་སྔར་ལས་བློ་སྟོབས་ལྡན་པའི་རྒྱལ་ཁབ་རང་བརྟེན་གྱི་བྱས་རྗེས་འཇོག་པའི་འཆར་གཞི་འདོན་སྤྲོད་བྱེད་པ་དང་། 2050ལོར་ཐོན་སྐབས་ཀྱི་ཕྱིར་འབུད་གཙང་མ་བཟོ་རྒྱུ་དང་གཅིག་མཚུངས་ཡིན་པའི་མ་འོངས་པའི་ལོ་ངོ10ཡི་འགུལ་སྐྱོད་དང་སྲིད་ཇུས་འགོད་དགོས་པར་འབོད་སྐུལ་བཏང་། 

ཁོང་གིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གནམ་གཤིས་ཀྱི་འགུལ་སྐྱོད་ཁྲོད་བྱས་རྗེས་ཆེན་པོ་འཇོག་དགོས་པར་སྐུལ་མ་བཏང་སྟེ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཟླ6པར་འཚོག་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་དབུ་ཚོགས་སྟེང་ཐུན་མོང་གནམ་གཤིས་མ་དངུལ་གྱི་ཁས་ལེན་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན། དེའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གནམ་གཤིས་འགུལ་སྐྱོད་ལ་ལོ་རེར་ཨ་སྒོར་དུང་ཕྱུར1000རེ་འདོན་སྤྲོད་བྱེད་པར་ཡུན་རིང་ལ་ཁས་ལེན་ཡང་འདུས་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།