ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་སློབ་ཆེན་ཞིག་གི་སློབ་མ་སྐོར་ཞིག་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་མངའ་སྡེའི་སློབ་ཆེན་ཞིག་ལ་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། སློབ་མ་སྐོར་ཞིག་བཙན་ཁྲིད་བྱས་ཟེར། 

ཁཱ་ཏུའུ་ནཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་མངའ་སྡེ་དེའི་ཀི་ལིན་ཧྥེ་ཨར་ཏི་སློབ་ཆེན་ལ་འཇབ་རྒོལ་བྱས་པ་དང་། སློབ་མ་སྐོར་ཞིག་བཙན་ཁྲིད་བྱས་ཀྱང་། མིག་སྔར་བཙན་ཁྲིད་བྱས་པའི་སློབ་མའི་བྱེ་བྲག་གི་ཁ་གྲངས་གསལ་བོར་གཏན་འཁེལ་བྱེད་ཐབས་མེད་ཟེར། བདེ་འཇགས་སྡེ་ཁག་གིས་རྒུད་སྐྱོབ་འགུལ་སྐྱོད་སྤེལ་བཞིན་ཡོད་པ་རེད། 

ཉེ་བའི་ཟླ་ངོ་འགའི་རིང་ལ། ནེ་ཀྲི་རི་ཡཱ་ནས་བསྟུད་མར་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་བ་དང་། དེའི་ནང་སློབ་མར་དམིགས་པའི་བཙན་ཁྲིད་དོན་རྐྱེན་མང་བོ་འདུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།