ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཨ་རི་དང་འཇར་པན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚབ་བྱེད་མི་ནུས་ཞེས་བཤད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རི་དང་འཇར་པན་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་མཉམ་འབྲེལ་སྒོས་ཀྲུང་གོར་གསལ་བསྒྲགས་སྤེལ་པར་ཕྱི་འབྲེལ་པུའུ་ཡི་ཝང་ཝུན་ཕིན་གྱིས་ཚེས19ཉིན་བསྟན་དོན། འཛམ་གླིང་སྟེང་མ་ལག་གཅིག་ལས་མེད་དེ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་ཡིན་ལ། རྩ་བའི་སྒྲིག་སྲོལ་ཡང་གཅིག་ལས་མེད་དེ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་རྩའི་རྩ་འཛིན་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་རེད། ཨ་རི་དང་འཇར་པན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚབ་བྱེད་མི་ནུས་ལ་རྒྱལ་སྤྱིའི་སྒྲིག་སྲོལ་ལ་མཚན་ཉིད་བཀོད་པའི་ཐོབ་ཐང་མེད་པ་མ་ཟད། རང་ཉིད་ཀྱི་ཚད་གཞི་ཡིས་གཞན་ལ་ཚད་འཇལ་དེ་ལས་ཀྱང་བྱེད་མི་ཆོག “ཨ་རི་དང་འཇར་པན་གྱིས་ཁ་ནས‘རང་དབང་སྒོ་འབྱེད’གླེང་ནའང་དོན་དངོས་སུ‘ཚོགས་ཆུང’བཙུགས་ནས་གཞན་ལ་ངན་སྐུལ་འགྲན་རྒོལ་བྱས་པས། དེ་ནི་ས་གནས་ཀྱི་ཞི་བདེ་དང་བརྟན་བརླིང་ལ་འཇིགས་སྐུལ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བརླག་བཏང་བ་རེད” ཅེས་ཝང་ཝུན་ཕིན་གྱིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།