ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་སྲིད་གཞུང་དམག་གིས་ཐ་ལེ་པན་གྱི་དྲག་ཆས་མི་སྣ་ང་གཅིག་བསད་པ་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སྲིད་གཞུང་དམག་གིས་ཚེས་བཅུ་དྲུག་ཉིན་ཅ་ཙི་ཉི་ཞིང་ཆེན་དང་ཉི་མུའུ་ལུའུ་ཙི་ཞིང་ཆེན་སོགས་ནས་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ནས། ཐ་ལེ་པན་གྱི་དྲག་ཆས་མི་སྣ་བསད་པར་མ་ཟད། མཚོན་ཆ་དང་འབར་མདེལ་སྐོར་ཞིག་བརླགས་པ་དང་། ཐ་ལེ་པན་གྱིས་ཉི་མུའུ་ལུའུ་ཙི་ཞིང་ཆེན་དུ་བཙུགས་ཡོད་པའི་བཙོན་ཁང་ཞིག་བརླགས་ནས། དེ་རུ་བཙོན་འཇུག་བྱས་པའི་སྲིད་གཞུང་གི་དམག་མི་དང་ཉེན་རྟོག་པ་ཉི་ཤུ་བསྐྱབས་པ་ཡིན་ཟེར།

མིག་སྔའི་བར་དུ་ཐ་ལེ་པན་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གོང་གི་གསལ་བསྒྲགས་དེར་ལན་ཅི་ཡང་བཏབ་མེད།

ས་དེའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་བཅུ་གསུམ་ཉིན་ཏེ་ཨ་ཧྥུའུ་ཧན་གྱི་མུའུ་སི་ལིན་གྱི་སྨྱུང་གནས་ཟླ་བའི་ཉིན་དང་པོར་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ཡིས་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་སྨྱུང་གནས་ཟླ་བའི་སྐབས་སུ་འཇབ་རྒོལ་བྱེད་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་ན་ཡང་། ཐ་ལེ་པན་ཕྱོགས་ཀྱིས་ཁས་མ་བླངས་ཟེར།

ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དང་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དགུ་པར་ཁ་ཐར་རྒྱལ་ཁབ་ནས་ཞི་བའི་གྲོས་མོལ་བྱེད་འགོ་བརྩམས་ན་ཡང་། ཕན་ཚུན་བར་དུ་རྩོད་གཞི་ཧ་ཅང་ཆེ་བས་གྲོས་མོལ་གྱི་འཕེལ་རིམ་ཧ་ཅང་དལ། ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་གྱི་དམག་དཔུང་དང་ཉེན་རྟོག་པ། དཔོན་རིགས་དང་སྲིད་གཞུང་ལས་ཁུངས་བཅས་ལ་འཇབ་རྒོལ་མང་དུ་བྱས་པ་དང་། སྲིད་གཞུང་དམག་གིས་ཀྱང་ཐ་ལེ་པན་ཆམ་ཕབ་གཏོང་བ་དེ་ལྷོད་གཡེང་དུ་མ་བཏང་།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།