འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས5ཉིན་གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ131020967སླེབས་ཡོད་ཞེས་བསྟན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས5ཉིན་བསྒྲགས་པའི་ཆེས་གསར་བའི་གཞི་གྲངས་ལྟར་ན། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ131020967ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས5ཉིན་གྱི་ཆུ་ཚོད16དང་སྐར་མ19བར(པེ་ཅིང་གི་ཆུ་ཚོད22དང་སྐར་མ19བར)དུ། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཉིན་སྔོན་མ་ལས561783ཇེ་མང་དུ་སོང་བ་དང་། བསྡོམས་པས131020967ལ་སླེབས་ཡོད། ཤི་བའི་ནད་པ་ཉིན་སྔོན་མ་ལས8196ཇེ་མང་དུ་སོང་སྟེ2850521ལ་སླེབས་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།