ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རང་རྒྱལ་མཐའ་མཚམས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་ཀྱིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་བཤད་རྒྱུར། བྱང་ཆིངས་རྒྱལ་ཁབ་དང་སྟོབས་ཤུགས་གཞན་པའི་དམག་དོན་སྟོབས་ཤུགས་ཀྱིས་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་གྱི་གྲགས་འགུལ་ཇེ་མང་དུ་སོང་བས། ཨུ་རུ་སིའི་ཕྱོགས་ཀྱི་དོགས་ཟིན་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད།  དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རང་རྒྱལ་མཐའ་མཚམས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་ཀྱིན་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕེ་སི་ཁི་ཧྥུའུ་ཡིས་སྨྱན་བྱད་ལ་ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་དམག་ཁ་སྣོན་བྱས་པའི་རྒྱུ་རྐྱེན་ལ་ལན་འདེབ་སྐབས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་རང་ཉིད་ཀྱི་གཏན་ཁེལ་ལྟར་རང་རྒྱལ་མངའ་ཁོངས་ཀྱི་དམག་དཔུང་བཀོད་གཏོང་བྱེད་པ་དེས་མི་གང་ལ་ཡང་འཇིགས་སྐུལ་བཟོ་མི་ཐུབ་ལ། སུས་ཀྱང་སེམས་ཁུར་བྱེད་དགོས་དོན་མེད་ཟེར།

ཕེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་ཝུའུ་ཁི་ལན་མངའ་ཁོངས་ཀྱི་དྲག་ཆས་འགལ་རྩོད་ལ་ཐེངས་གཅིག་ཀྱང་ཞུགས་མ་མྱོང་བ་དང་། དེ་ནི་ཝུའུ་ཁི་ལན་ནང་ཁོག་གི་འགལ་རྩོད་ཡིན་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཡོ་རོབ་གླིང་རྒྱལ་ཁབ། འཛམ་གླིང་གི་ས་ཁུལ་གཞན་པའི་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་མངའ་ཁོངས་སུ་འཐབ་འཁྲུག་མི་འབྱུང་བའི་རེ་བ་བཅངས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།