ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཞིའི་མཚོ་སྐམ་མཁའ་གསུམ་དམག་དཔུང་གི་དམག་སྤྱི་ཁང་གིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར།  པཱ་ཞིའི་རྒྱལ་སྲུང་པུའུ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གསལ་སྒྲོག་སྤེལ་ཏེ། མཚོ་སྐམ་མཁའ་གསུམ་དམག་དཔུང་གི་དམག་སྤྱི་ཁང་གིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱས་པ་ཁྱབ་སྒྲོག་བྱས། གསལ་སྒྲོག་ལས་ཁོ་ཚོས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་མཚན་གསལ་བོར་བཤད་མེད་ལ། རྒྱུན་འཛིན་མི་སྣའང་གཏན་འཁེལ་གསལ་བོ་བྱས་མེད། 

པཱ་ཞིའི་ཙུང་ཐུང་པའོ་སོ་ནཱ་ལོ་ཡིས་སྔ་ཉིན་ནེ་ཀི་བཅོས་སྒྲིག་བྱས་ཏེ། པུའུ་ཀྲང་རིམ་པའི་དཔོན་པོ་དྲུག་བརྗེ་སྤོར་བྱས། དེའི་ནང་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་འདུས། 

རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་མ་སྤེལ་གོང་པཱ་ཞིའི་མཚོ་དམག་དང་སྐམ་དམག མཁའ་དམག་བཅས་ཀྱི་དམག་སྤྱི་ཡིས་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་རྒྱལ་སྲུང་བློན་ཆེན་གསར་བར་ཐུག་འཕྲད་བྱས། མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་བཤད་རྒྱུར། ཐུག་འཕྲད་བྱེད་སྐབས་དོགས་མི་བདེ་བའི་སྣང་ཚུལ་བྱུང་བས་མི་དེ་གསུམ་གྱིས་ལས་ཁུར་དགོངས་ཞུ་བྱས་པ་རེད་ཟེར། 

པཱ་ཞི་ཡིས་ཉིས་སྟོང་ཉེར་གཉིས་ལོར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད་ཡོད་པ་དང་། པའོ་སོ་ནཱ་ལོ་ཡིས་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་རྒྱུ་རེད། ཡིན་ཡང་ད་ལོའི་ཚུན་ལ་པའོ་སོ་ནཱ་ལོ་ཡི་རྒྱལ་ནང་གི་རྒྱབ་སྐྱོར་ཚད་ཇེ་དམའ་རུ་འགྲོ་བཞིན་ཡོད། དབྱེ་ཞིབ་མི་སྣས་བལྟས་ན། ཁོས་དམག་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་བཞིན་ཡོད་པར་འདོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།