ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞིས་སོ་སོར་ཝུའུ་ཁི་ལན་དང་ཨུ་རུ་སི། དབྱིན་ཇི་བཅས་ཀྱི་ཇུས་འདོན་དཔོན་པོར་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་མུས་ལེ་ཡིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་སོ་སོར་ཝུའུ་ཁི་ལན་དང་ཨུ་རུ་སི། དབྱིན་ཇི་བཅས་ཀྱི་དམག་དཔུང་གི་ཇུས་འདོན་དཔོན་པོར་ཁ་པར་བཏང་། 

ཨ་མེ་རི་ཁའི་དམག་དཔུང་གི་མཉམ་འབྲེལ་ཇུས་འདོན་པུའུ་ཡི་མགྲིན་ཚབ་པས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མུས་ལེ་ཡིས་ཝུའུ་ཁི་ལན་གྱི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཧའོ་མུའུ་ཆཱ་ཁི་ལ་ཁ་པར་གཏོང་སྐབས་མིག་སྔའི་ཡོ་རོབ་གླིང་ཤར་མའི་བདེ་འཇགས་ཁོར་ཡུག་ལ་གྲོས་བསྡུར་བྱས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་ནི་བྱང་ཆིངས་རྩ་འཛུགས་ཀྱི་གྲོགས་པོ་གལ་ཆེན་ཡིན་པས། ཡོ་རོབ་གླིང་གི་ཞི་བདེ་དང་གཏན་འཇགས་སྲུང་འཛིན་བྱེད་པའི་ཁྲོད་གནད་འགག་གི་ནུས་པ་འདོན་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་དམག་དཔུང་གི་མཉམ་འབྲེལ་ཇུས་འདོན་པུའུ་ཡི་མགྲིན་ཚབ་པས་སྤེལ་བའི་གསལ་སྒྲོག་གཞན་ཞིག་ལས་བཤད་རྒྱུར། མུས་ལེ་ཡིས་ཉིན་དེར་ཨུ་རུ་སིའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཀི་ལཱ་ཞི་མའོ་ཧྥུའུ་ལ་ཁ་པར་བཏང་སྟེ། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར། གསལ་སྒྲོག་ལས་ཁ་པར་བཏང་བའི་བྱེ་བྲག་གི་ནང་དོན་གསལ་བོར་གླེང་མེད། 

དེ་ལས་གཞན་མུས་ལེ་ཡིས་ཉིན་དེར་དབྱིན་ཇིའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཁཱ་ཐི་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་མིག་སྔའི་བདེ་འཇགས་ཁོར་ཡུག་དང་བཅས་པའི་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། 

གཞན་ཡང་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཉིན་དེར་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་དང་ཁ་པར་གྲོས་མོལ་བྱས། པུའུ་ལིན་ཁུན་གྱིས་ཁ་པར་གཏོང་སྐབས་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ས་ཚང་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་གསལ་བོར་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།