ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐུའུ་ཝ་ཏི་ལཱ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་འགན་ཁུར་བའི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐུའུ་ཝ་ཏི་ལཱ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་རྒྱལ་ས་པན་ཅིའི་རྒྱལ་དམངས་གྲོས་ཁང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ལོ་ལྔའི་ཙུང་ཐུང་གི་འགན་ཡུན་གསར་བ་མགོ་བརྩམས། 

ཐུའུ་ཝ་ཏི་ལཱ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས་བསྟན་དོན། མ་འོངས་པའི་ལོ་ལྔའི་ནང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ལ་ཆམ་ཕབ་ནན་མོ་བཏང་སྟེ། རྒྱལ་ནང་གི་ཞི་བདེ་དང་གཏན་འཇགས་སླར་གསོ་བྱེད་རྒྱུ་ཡིན། དེ་ལས་གཞན་ཁོའི་འགན་ཡུན་ནང་གི་དམིགས་འབེན་གཙོ་བོར་ད་རུང་སྔར་ལས་བཟོད་སྒོམ་ལྡན་པའི་སྤྱི་ཚོགས་དང་སྔར་ལས་སྒོ་འབྱེད་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་འདུས་ཡོད། 

ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ། ཐོག་མའི་མཇུག་འབྲས་ཁྱབ་སྒྲོག་བྱས་རྗེས། ངོ་རྒོལ་ཕྱོགས་ཁག་གི་འདེམ་སྒུག་པ་མང་བོས་རྒྱལ་ཁབ་དེའི་རྩ་ཁྲིམས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། འདེམ་བསྐོའི་བྱ་འགུལ་དེར་ལུགས་འགལ་གྱི་སྣང་ཚུལ་ཡོད་པས་ཡང་བསྐྱར་འདེམ་ཤོག་འཕེན་དགོས་པའི་རེ་བ་བཏོན། རྩ་ཁྲིམས་ཁྲིམས་ཁང་གིས་འབྲེལ་ཡོད་ཞུ་གཏུག་རྩིས་མེད་དུ་བཏང་ནས་མཇུག་མཐར་ཐུའུ་ཝ་ཏི་ལཱ་བདམས་ཐོན་བྱུང་བ་རེད། 

ཐུའུ་ཝ་ཏི་ལཱ་ད་ལོར་ལོ་རེ་གསུམ་ཡིན་པ་དང་། སྔོན་ཆད་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་ཁུར་མྱོང་ལ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་གཉིས་པར་ཐོག་དང་པོར་ཙུང་ཐུང་དུ་བདམས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།