ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅོ་བརྒྱད་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད་ཉེར་བཞིའི་ནང་དམག་དོན་འགུལ་སྐྱོད་སྤེལ་སྐབས། སྲིད་གཞུང་དམག་དཔུང་གིས་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་དང་ཧི་ཨར་མན་ཏི་ཞིང་ཆེན་ནས་བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅོ་བརྒྱད་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཁན་ཏཱ་ཧཱ་ཞིང་ཆེན་ནས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅུ་བསད་པ་དང་། རླངས་འཁོར་འགད་རྫས་གཅིག་མེད་བརླག་ཏུ་བཏང་། ཧི་ཨར་མན་ཏི་ཞིང་ཆེན་ནས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བརྒྱད་བསད་པ་དང་། མཚོན་ཆ་དང་འགད་རྫས་སྐོར་ཞིག་མེད་པར་བཏང་། 

མིག་སྔར་ཐཱ་ལེ་པན་གྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།