ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་འགྲེམ་སྟོན་དེ་ཡ་མའེ་ནི་ཡ་ནས་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ལི་ཝུན་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་འགྲེམ་སྟོན་དེ་ཡ་མའེ་ནི་ཡའི་རྒྱལ་ས་ཨ་ལི་ཝུན་ནས་དངོས་སུ་སྤེལ་མགོ་བརྩམས། 

ཐེངས་འདིའི་འགྲེམ་སྟོན་དེ་ཡ་མའེ་ནི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཡ་མའེ་ནི་ཡ་རྒྱལ་ཁབ་གསར་འགྱུར་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པ་དང་། དྲ་ཐོག་འགྲེམ་སྟོན་གྱི་རྣམ་པ་སྤྱད་དེ་བསྡོམས་པས་པར་རིས104འགྲེམ་སྟོན་བྱས་ཤིང་། དེས་ཀྲུང་གོ་མི་དམངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གོ་རིམ་ཁྲོད་ཀྱི་དཀའ་སྤྱད་འབད་བརྩོན་དང་རླབས་ཆེའི་གྲུབ་འབྲས་ཟིན་ཐོར་བཀོད་ཡོད།

ཡ་མའེ་ནི་ཡའི་གྲོས་དཔོན་གཞོན་པ་ན་ཀྲ་ལིའང་དང་ཡ་མའེ་ནི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཧྥན་ཡུང་། ཡ་མའེ་ནི་ཡ་རྒྱལ་ཁབ་གསར་འགྱུར་ཁང་གི་མགོ་བ་ཨ་ན་ནིས་དབྱང་སོགས་ཀྱིས་བརྙན་ལམ་བརྒྱུད་དེ་ཤིས་ཚིག་ཕུལ།

ན་ཀྲ་ལིའང་གིས་ཤིས་ཚིག་ཁྲོད་ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་རླབས་ཆེ་བའི་དབུལ་སེལ་གྱི་འགུལ་སྐྱོད་ལེགས་འགྲུབ་བྱས་པར་གཟེངས་བསྟོད་གནང་། མོས་བཤད་རྒྱུར། ཀྲུང་གོའི་མགོ་ཁྲིད་པས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ། དཔལ་འབྱོར་སྤྱི་ཚོགས་དང་སློབ་གསོ་ཚན་རིག་སོགས་ཀྱི་ཁྱབ་ཁོངས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ་ཀྲུང་གོར་སྣེ་ཁྲིད་དེ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། ཀྲུང་གོའི་ཕུགས་འདུན་རིམ་བཞིན་མངོན་འགྱུར་བྱས་ཡོད་ཟེར།

ཐེངས་འདིའི་འགྲེམ་སྟོན་དེ2021ལོའི་ལོ་མཇུག་བར་དུ་རྒྱུན་བསྲིངས་རྒྱུ་ཡིན་པ་དང་། ལྟ་མཁན་ལ་སྟབས་བདེ་བསྐྲུན་ཆེད་པར་རིས་ལ་དབྱིན་ཡིག་དང་ཨུ་རུ་སིའི་ཡི་གེ ཡ་མའེ་ནི་ཡའི་ཡི་གེ་བཅས་ཀྱིས་གསལ་འགྲེལ་གནང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།