ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ལྐོག་འཚོང་གི་དོགས་ཡོད་ཉེས་ཅན་བཅོ་བརྒྱད་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ལོ་ཀི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས་བཅུ་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་བྱང་ཕྱོགས་ཀྱི་ཏན་ཅི་ཨར་ས་དཀྱིལ་མཚོ་ཁོངས་གྲུ་ཁ་ནས་དུག་རྫས་ལྐོག་འཚོང་གི་དོགས་ཡོད་ཉེས་ཅན་བཅོ་བརྒྱད་འཛིན་བཟུང་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། དོགས་ཡོད་ཉེས་ཅན་བཅོ་བརྒྱད་པོ་དེའི་ལོ་ཚད་ལོ་སུམ་ཅུ་ནས་ལྔ་བཅུའི་བར་ཡིན་པ་དང་། འཛིན་བཟུང་བྱེད་སྐབས་ཏན་ཅི་ཨར་ས་དཀྱིལ་མཚོ་ཁོངས་གྲུ་ཁ་ནས་གྲུར་བསྡད་དེ་རྒྱལ་ཁབ་གཞན་དུ་འགྲོ་རྩིས་བྱེད་པ་རེད། བདེ་འཇགས་མི་སྣས་གྲུ་ཁའི་ཞིབ་བཤེར་དཔྱད་ཆས་ལ་བརྟེན་ནས་མི་དེ་དག་གི་ཕོ་བའི་ནང་སྤྱིན་ཐུམ་མང་བོ་ཡོད་པ་ཤེས་པས། ཉེན་རྟོག་ཕྱོགས་ཀྱིས་ཁོ་ཚོས་དུག་རྫས་ཀྱི་སྤྱིན་ཐུམ་མང་བོ་མིད་ཡོད་པ་དང་། ཐབས་དེ་ལ་བརྟེན་ནས་དུག་རྫས་དག་ཕྱི་རྒྱལ་དུ་སྐྱེལ་རྩིས་ཡོད་པ་ཤེས་པ་རེད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། མའོ་ལོ་ཀིའི་ཁྲིམས་འཛིན་སྡེ་ཁག་གིས་གྱོད་དོན་དེར་ཞིབ་ཏུ་རྟོག་དཔྱོད་བྱེད་བཞིན་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།