ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི3000ལས་བརྒལ་བར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས24ཉིན་ཁྱབ་བསྒྲགས་བྱས་པའི་པྲོག་གསར་གློ་ཚད་ཀྱི་སྡོམ་རྩིས་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས་ཁྲི3000ལས་བརྒལ་འདུག

ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས24ཉིན་གྱི་ཆུ་ཚོད18དང་སྐར་མ27(པེ་ཅིང་གི་དུས་ཚོད་ཚེས25ཉིན་གྱི་ཆུ་ཚོད6དང་སྐར་མ27བར) བར། ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས30001245ཡོད་པ་དང་། ཚེ་འདས་ནད་པ་བསྡོམས་པས545053ཡོད་པ་རེད། ཨ་རི་ནི་གོ་ལ་ཧྲིལ་བོའི་སྟེང་རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ་དང་ཚེ་འདས་ནད་པ་ཆེས་མང་པོའི་རྒྱལ་ཁབ་རེད།

མིག་སྔར། ཨ་རི་རྒྱལ་ཁབ་དུ་བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ་ཆེས་མང་པོའི་མངའ་སྡེ་ནི་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེ་ཡིན་ཞིང་ནད་པ3647735ཡོད་ལ། དེའི་རྗེས་མ་ཏི་ཁེ་ས་སི་མངའ་སྡེ་ལ་ནད་པ24414དང་།  ཧྥོ་ལུའོ་ལི་ཏ་མངའ་སྡེ་ལ་ཁྲི202། ཉིའུ་གཡོད་མངའ་སྡེ་ལ་ཁྲི181། དབྱི་ལི་ནུའོ་དབྱི་མངའ་སྡེ་ལ་ཁྲི122ལྷག་ཡོད་པ་རེད།

 གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་རུ 2020ལོའི་ཟླ11པའི་ཚེས9ཉིན་ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས་ཁྲི1000ལས་བརྒལ་ཅིང་། ད་ལོའི་ཟླ1པོའི་ཚེས1ཉིན་ཁྲི2000ལས་བརྒལ་བ་རེད།   ཁྲི1000ནས་ཁྲི2000བར་ཉིན53ཙམ་ལས་འགོར་མེད་ལ། ཁྲི2000ནས་ཁྲི3000བར་ཉིན82ལས་འགོར་མེད་པ་རེད།

གཞི་གྲངས་འདི་དག་ནི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་གློ་ཚད་ནད་དུག་ཞིབ་འཇུག་རྣམ་གྲངས་གིས་དུས་ཐོག་ཏུ་ཨ་རི་རྒྱལ་ཁབ་ཀྱི་ས་ཁུལ་ཁག་གི་གྲངས་གཞི་ཕྱོགས་བསྡུས་བྱས་པ་ལས་ཐོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།