ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་དམག་སྤྱི་ཡིས་མུ་མཐུད་དུ་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭགསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་དམག་སྤྱི་སི་ཐི་ཧྥན་ནོའུ་ཏི་ཨར་ཁི་ཨར་གྱིས་ཚེས་བཅུ་དགུ་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་སྔར་བཞིན་དུ་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། 

སི་ཐི་ཧྥན་ནོའུ་ཏི་ཨར་ཁི་ཨར་གྱིས་ཉིན་དེར་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་བཙུགས་ནས་ལོ་ངོ་ཞེ་གསུམ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོའི་སྟེང་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། ལེ་པཱ་ནུན་གྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཉམས་ཉེན་དང་། པྲོག་གསར་གློ་ཚད་རིམས་ནད་སོགས་འགྱུར་བ་འབྱུང་བཞིན་པའི་འགྲན་རྩོད་གསར་བར་འཕྲད་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་མུ་མཐུད་དུ་ཕྱོགས་སོ་སོའི་འགན་འཁྲི་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

སྤྱི་ལེ་བརྒྱ་དང་ཉི་ཤུའི་ལེ་པཱ་ནུན་དང་དབྱི་སི་རལ་གྱི་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་ས་ཁོངས་ཀྱི་སྲུང་སྐྱོབ་བྱ་བ་གླེང་སྐབས་སི་ཐི་ཧྥན་ནོའུ་ཏི་ཨར་ཁི་ཨར་གྱིས་ཕྱོགས་སོ་སོས་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་བྱས་ཏེ། འཁྲུག་རྩོད་མཚམས་འཇོག་སའི་ས་ཁོངས་ཀྱི་རྟགས་འགོད་བྱ་བ་ཚང་མ་ཡོངས་འགྲུབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་མི་སྣ་དང་། ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་གི་འཐུས་མི། ས་གནས་དཔོན་རིགས་བཅས་ཐེངས་འདིའི་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས། མཛད་སྒོའི་སྟེང་དུ་ཞི་བདེ་སྲུང་སྐྱོབ་མི་སྣ་ཉེར་བརྒྱད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱས་རྗེས་གཟེངས་རྟགས་བསྩལ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།