ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཨ་མེ་རི་ཁས་དབྱི་ལིང་ལ་ཚད་བརྒལ་གནོན་ཤུགས་སྟེར་བའི་སྲིད་ཇུས་ལ་ཕམ་ཉེས་བྱུང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་ཚེས་ཉི་ཤུ་ཉིན་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་ལ་ཚད་བརྒལ་གནོན་ཤུགས་སྟེར་བའི་སྲིད་ཇུས་ལ་ཕམ་ཉེས་བྱུང་ཡོད་ཟེར། 

ཆེས་མཐོའི་གཙོ་འཛིན་གྱི་གཞུང་སྒྲུབ་ཁང་གིས་དྲ་ཚིགས་སུ་སྤེལ་བའི་དབྱི་ལིང་ལུགས་ཀྱི་ལོ་གསར་ཞུ་ཚིག་ཁྲོད་དུ་ཧཱ་མེ་ནེ་དབྱེ་ཡིས་བསྟན་དོན། ཨ་མེ་རི་ཁ་གཙོ་བྱས་པའི་དགྲར་འཛིན་སྟོབས་ཤུགས་ཀྱིས་གནོན་ཤུགས་སྟེར་བའི་ཐབས་ལ་བརྟེན་ནས་དབྱི་ལིང་དབང་འོག་ཏུ་བསྡུ་བར་བསམ་ཡོད་ཀྱང་། དབྱི་ལིང་མི་དམངས་ཀྱིས་དེར་ངོ་རྒོལ་བྱེད་པའི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད་ཟེར། 

དབྱི་ལིང་གི་ཙུང་ཐུང་བཞུགས་ཤག་གི་དྲ་ཚིགས་སུ་ཉིན་དེར་སྤེལ་བའི་དབྱི་ལིང་ལུགས་ཀྱི་ལོ་གསར་ཞུ་ཚིག་ཁྲོད་དུ། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་བསྟན་དོན། དབྱི་ལིང་མི་དམངས་ཀྱིས་ངོ་རྒོལ་བྱས་པའི་དབང་གིས་ཨ་མེ་རི་ཁས་དབྱི་ལིང་མི་དམངས་ལ་གནོན་ཤུགས་སྟེར་བའི་དཔལ་འབྱོར་འཐབ་རྩོད་ལ་ཕམ་ཉེས་བྱུང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།