ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བྷང་ག་ལའི“དེང་རབས་རྒྱལ་ཁབ་འཛུགས་མཁན”མུའུ་ཅི་པུ·ལ་ཧོ་མན་སྐུ་འཁྲུངས་ནས་ལོ་འཁོར100ལོན་པ་དང་རང་བཙན་ཐོབ་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལའིདེང་རབས་རྒྱལ་ཁབ་འཛུགས་མཁནམུའུ་ཅི་པུ·ལ་ཧོ་མན་འཁྲུངས་ནས་ལོ་འཁོར100ལོན་པ་དང་རང་བཙན་ཐོབ་ནས་ལོ50ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ་མ་ཟད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་ཙུང་ཐུང་ཧ་སྨི་ཏེ་དང་། ཙུང་ལི་ཧ་ཞི་ན། དེ་མིན་བྷང་ག་ལའི་སྲིད་གཞུང་དང་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་ཞུས།

ཟླ3པའི་ཚེས17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལའིདེང་རབས་རྒྱལ་ཁབ་འཛུགས་མཁན”མུའུ་ཅི་པུ·ལ་ཧོ་མན་སྐུ་འཁྲུངས་ནས་ལོ་འཁོར100ལོན་པ་དང་རང་བཙན་ཐོབ་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་བརྙན་ལམ་བརྒྱུད་ནས་ཤིས་ཚིག་གསུངས་པ་མ་ཟད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་ཙུང་ཐུང་ཧ་སྨི་ཏེ་དང་། ཙུང་ལི་ཧ་ཞི་ན། དེ་མིན་བྷང་ག་ལའི་སྲིད་གཞུང་དང་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་ཞུས།

 ཞི་ཅིན་ཕིང་གིས་ནན་གྱིས་གསུང་དོན། ལོ50ཡི་སྔོན་དུ་སྐུ་ཞབས་མུའུ་ཅི་པུའུ·ལ་ཧོ་མན་སྐུ་ངོ་མས་བྷང་ག་ལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཤིང་། ཁོང་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་ཡག་པོ་ཞིག་ཡིན་པས་ཀྲུང་གོར་འཚམས་འདྲི་ཐེངས་གཉིས་གནང་ནས་ཀྲུང་གོའི་འགོ་ཁྲིད་རྒན་རབས་པ་དང་མཛའ་གྲོགས་འབྲེལ་བ་བཙུགས་ཡོད། དེ་ནི་འགོ་ཁྲིད་རྒན་རབས་པས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཆེད་ཕུལ་བའི་ལེགས་སྐྱེས་ཡིན་པས་ང་ཚོས་ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་ཀྱི་འབྲེལ་བ་བརྒྱུད་སྤྲོད་ཡག་པོ་བྱེད་དགོས།

ཞི་ཅིན་ཕིང་གིས་བྷང་ག་ལ་རང་བཙན་ཐོབ་ནས་ལོ50སོང་རིང་། རྒྱལ་ཁབ་འཛུགས་སྐྲུན་གྱི་འགྲོ་ལམ་སྟེང་གྲུབ་འབྲས་མི་དམན་པ་བླངས་ཤིང་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་ང་ཚོས་ཧ་ཅང་དགའ་པོ་བྱུང་ཡོད་ཞེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལ་གཉིས་ནི་གནའ་སྔ་མོ་ནས་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། གནའ་བོའི་དར་གོས་ཚོང་ལམ་གྱིས་རྒྱལ་ཁབ་གཉིས་ཀྱི་ལོ་ངོ་སྟོང་ཕྲག་གི་མཛའ་བརྩེ་བདེན་དཔང་བྱས་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ46རིང་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་རྒྱབ་སྐྱོར་བྱེད་པ། ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱས་ཡོད། མིག་སྔར་ཀྲུང་གོ་དང་བྷང་ག་ལ་གཉིས་ཀ་དར་རྒྱས་གོང་འཕེལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ཀྲུང་ཧྭ་མི་རིགས་གྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དང“གསེར་མདོག་གི་བྷང་ག་ལའི”ཕུགས་འདུན་ཕན་ཚུན་གཅིག་མཐུན་བྱུང་ནས་ཀྲུང་གོ་དང་བྷང་ག་ལ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་ཕན་མང་པོ་བསྐྲུན་ཡོད། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས་སུ་རྒྱལ་ཁབ་གཉིས་ཀྱིས་དཀའ་ངལ་ཁྱད་དུ་བསད་ནས་ཕན་ཚུན་རོགས་རེས་བྱས་ཏེ་ཀྲུང་གོའི་ཁེ་ལས་རྣམས་བྷང་ག་ལ་ཕྱོགས་ཀྱི་རྣམ་གྲངས་གལ་ཆེན་ནང་ཞུགས་ཏེ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། བྷང་ག་ལའི་དཔྱ་ཁྲལ་རྣམ་གྲངས་ཀྱི་ཚོང་ཟོག97%ཀྲུང་གོར་ཕྱིར་གཏོང་བྱེད་པར་སྒོ་ཁྲལ་མི་ལེན་པའི་ཐོབ་ཐང་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ་བྷང་ག་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་བྷང་ག་ལའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། མཇུག་མཐར་བྷང་ག་ལ་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་མི་དམངས་རྣམས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་ནམ་ཡང་ཉམས་པ་མེད་པའི་སྨོན་འདུན་ཞུ་རྒྱུ་ཡིན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།