ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཀྲུང་གོ་དང་ཨ་རིའི་མཐོ་རིམ་མཇལ་འཛོམས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས16ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིའི་མགྲིན་ཚབ་པས་བཤད་རྒྱུར། ཀུའུ་ཐེ་ལེ་སི་ཡིས་མི་འགྱངས་པར་འཚོག་ལ་ཉེ་བའི་ཀྲུང་གོ་དང་ཨ་རིའི་མཐོ་རིམ་མཇལ་འཛོམས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ཅེས་བརྗོད་པ་རེད།

ཀུའུ་ཐེ་ལེ་སིའི་མགྲིན་ཚབ་པ་ཏི་ཡ་ལི་ཁེ་ཡིས་ཚེས16ཉིན་འཚོགས་པའི་གསར་འགོད་པའི་རྒྱུན་རྣམ་ཚོགས་འདུའི་སྟེང་ཀུའུ་ཐེ་ལེ་སི་ཡིས་ཐེངས་འདིའི་ཀྲུང་ཨའི་མཐོ་རིམ་མཇལ་འཛོམས་ལ་རེ་སྒུག་ཇི་ལྟར་བྱེད་ཀྱི་ཡོད་ཅེས་པར་ལན་འདེབས་སྐབས“ང་ཚོས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་རེ་སྒུག་བྱེད་ཀྱིན་ཡོད། ང་ཚོས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གནད་འགག་གི་གནད་དོན་ཐད་མཉམ་ལས་བྱེད་པའི་ཐབས་ལམ་འཚོལ་ཐུབ་པར་རེ་བ་བཅིང་ཡོད་ལ། ལྷག་པར་དུ་གནམ་གཤིས་འགྱུར་ལྡོག་དང་པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས་འཛམ་གླིང་བསྐྱར་འཛུགས་བྱ་རྒྱུའི་ཐད་རེ་བ་ཆེན་པོ་བཅིང་ཡོདཅེས་བཤད། ཁོང་གིས་ད་དུང་ཀྲུང་ཨའི་བར་ཛ་དྲག་གི་འབྲེལ་བ་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་རྒྱལ་ཁབ་གཉིས་ནས་མཉམ་ལས་ཀྱི་ཐབས་ལམ་ཞིག་འཚོལ་དགོས་ངེས་རེད་ཅེས་བཤད།

ཚེས11ཉིན་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཨ་རི་ཕྱོགས་ཀྱི་གདན་ཞུས་ལྟར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲི་དང་། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་རྣམ་གཉིས་ཀྱིས་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་དང་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལི་ཝུན་གཉིས་ལ་ཟླ3པའི་ཚེས18ནས19ཉིན་བར་ཨན་ཁེ་ལུའེ་ཆི་རུ་ཀྲུང་ཨའི་མཐོ་རིམ་འཐབ་ཇུས་གླེང་མོལ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།