ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེའི་སྲུང་སྐྱོང་མི་སྣར་པྲོག་གསར་འགོག་སྨན་བྱིན་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་གཏན་སྡོད་བྱེད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་ཚེས15ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སིར་འཕྲིན་ཡིག་བསྐུར་ཏེ། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོང་མི་སྣར་པྲོག་གསར་གློ་ཚད་འགོག་སྨན་ཞལ་འདེབས་འབུལ་རྒྱུ་དང་། སྔོན་ལ་ཨ་ཧྥེ་རི་ཁ་གླིང་གི་ལས་འགན་ཁུལ་དུ་བཀོལ་སྤྱོད་བྱེད་རྒྱུ་ཡོངས་བསྒྲགས་བྱས།

མཉམ་འབྲེལ་རྒྱལ་ཚོགས་སུ་གཏན་སྡོད་བྱེད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་བསྟན་དོན། འདི་ནི་ཀྲུང་གོས་པྲོག་གསར་གློ་ཚད་འགོག་སྨན་དེ་འཛམ་གླིང་གི་སྤྱི་བའི་ཐོན་རྫས་སུ་བསྒྱུར་བའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་པ་མ་ཟད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་མཐའ་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་མངོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི“ཞི་བདེའི་ཆེད་དུ་འགུལ་སྐྱོད་སྤེལ་བའི”གྲོས་གཞི་འོག་ཞི་བདེའི་སྲུང་སྐྱོབ་མི་སྣར་བདེ་འཇགས་གྲོས་མགོ་འདོན་པའི་སྣེ་ཁྲིད་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། ཀྲུང་གོས་ཞི་བདེའི་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་མཐོང་ཆེན་བྱས་ཏེ། མགྱོགས་མྱུར་སྒོས་ཞི་བདེའི་སྲུང་སྐྱོབ་མི་སྣར་པྲོག་གསར་འགོག་སྨན་བརྒྱབ་ནས། ཞི་བདེའི་སྲུང་སྐྱོང་མི་སྣའི་ཚེ་སྲོག་བདེ་ཐང་ལ་འགན་སྲུང་བྱེད་པ་དང་། ཁོ་ཚོས་འགན་ནུས་ལག་བསྟར་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན། ཀྲུང་གོའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་དང་མཐུན་སྦྱོར་དམ་ཟབ་སྒོས་སྔ་མོ་ནས་ཞི་བདེའི་སྲུང་སྐྱོང་མི་སྣར་ཀྲུང་གོའི་འགོག་སྨན་རྒྱག་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བསྟན།

མཉམ་འབྲེལ་རྒྱལ་ཚོགས་སུ་གཏན་སྡོད་བྱེད་པའི་ཀྲུང་གོའི་འཐུས་ཚབ་པས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་ནི་དེང་སྐབས་འཛམ་གླིང་སྟེང་འཕྲད་པའི་ཛ་དྲག་གི་ལས་འགན་ཞིག་ཡིན་པ་དང་། འགོག་སྨན་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་ནུས་ལྡན་གྱི་དྲག་ཆས་ཤིག་ཡིན། ཀྲུང་གོས་པྲོག་གསར་གློ་ཚད་འགོག་སྨན་གྱི་དྲང་བདེན་སྡེབ་སྒྲིག་་གནད་དོན་ལ་ཚད་མཐོན་པོས་མཐོང་ཆེན་བྱེད་བཞིན་ཡོད་ཟེར།

ཟླ2པའི་ཚེས17ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་པྲོག་གསར་གློ་ཚད་འགོག་སྨན་གནད་དོན་གྱི་པུའུ་ཀྲང་རིམ་པའི་ཡོངས་བསྒྲགས་ཚོགས་འདུའི་སྟེང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོང་མི་སྣར་པྲོག་གསར་འགོག་སྨན་ཞལ་འདེབས་འབུལ་རྒྱུ་ཡིན་པར་ཐག་བཅད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།