ཀྲུང་གོ་བོད་ཀྱི་དྲ་བ།

སེ་ཕུའུ་ལུའུ་སི་རྒྱལ་ཁབ་མང་བོའི་མཁའ་མཚོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེ་ཕུའུ་ལུའུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། སེ་ཕུའུ་ལུའུ་སི་དང་ཞི་ལཱ། ཧྥ་རན་སི། དབྱི་སི་རལ། ཨ་མེ་རི་ཁའི་དམག་དཔུང་བཅས་ཞུགས་པའི་རྒྱལ་ཁབ་མང་བོའི་བར་སྣང་དང་མཚོ་ཐོག་གི་དམག་དོན་སྦྱོང་བརྡར་བདེ་བླག་ངང་ཡོངས་འགྲུབ་བྱས་ཟེར། 

སེ་ཕུའུ་ལུའུ་སིའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཚབ་མིང་ལ་ཉིས་སྟོང་ཉེར་གཅིག་ལོའི་གཟི་བརྗིད་ཀྱི་ཏིས་ནཱ་ཞེས་པའི་དམག་དོན་སྦྱོང་བརྡར་དེ་ཚེས་བདུན་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་སེ་ཕུའུ་ལུའུ་སིའི་ནུབ་ངོས་མཚོ་འགྲམ་ཉེ་འདབས་ཀྱི་མཚོ་ཁོངས་ནས་སྤེལ་བ་དང་། དམག་དོན་སྦྱོང་བརྡར་ལ་མཚོ་འགྲུལ་འགེབས་སྲུང་དང་། འཐབ་རྩལ་སྦྱོང་བརྡར། ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བ། མཁའ་མཚོའི་མཐུན་སྦྱོར་རོགས་རེས་སོགས་ནང་དོན་འདུས། དེ་མིན་འཚོལ་ཞིབ་དང་རྒུད་སྐྱོབ་མཐུན་སྦྱོར་ལྟེ་གནས་ཀྱིས་རྩ་འཛུགས་བྱས་པའི་འཚོལ་ཞིབ་དང་རྒུད་སྐྱོབ་སྦྱོང་བརྡར་ཡང་སྤེལ། སེ་ཕུའུ་ལུའུ་སིའི་མཚོ་ཐོག་གི་སྐོར་གཡེང་གྲུ་གཟིངས་ཤིག་དང་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་གྱེན་འཕུར་གནམ་གྲུ་ཞིག དེ་མིན་སེ་ཕུའུ་ལུའུ་སིའི་འཚོལ་ཞིབ་དང་རྒུད་སྐྱོབ་མཐུན་སྦྱོར་ལྟེ་གནས་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།