ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཐེངས་དང་པོར་ཨོ་སི་ཁྲུ་རི་ཡའི་ནང་འདྲེན་ཚོང་ཟོག་རྒྱལ་ཁབ་ཆེན་མོ་གཉིས་པར་གྱུར།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན། ཨོ་སི་ཁྲུ་རི་ཡའི་བསྡོམས་རྩིས་ཅུས་ཀྱི་ཁྱབ་བསྒྲགས་གྲངས་གཞི་ལྟར་ན། 2020ལོར་ཀྲུང་གོ་ཐེངས་དང་པོར་ཨོ་སི་ཁྲུ་རི་ཡའི་ནང་འདྲེན་ཚོང་ཟོག་རྒྱལ་ཁབ་ཆེན་མོ་གཉིས་པར་གྱུར་ཡོད། 

ཨོ་སི་ཁྲུ་རི་ཡའི་བསྡོམས་རྩིས་ཅུས་ཀྱིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ནང་བསྟན་དོན། ཉེ་བའི་ལོ5ཡི་རིང་། ཀྲུང་གོ་ནི་ཨོ་སི་ཁྲུ་རི་ཡའི་ཚོང་ཤག་ཆེ་གྲས་བཅུའི་གྲས་ཡིན་ལ། 2020ལོར་ཨོ་སི་ཁྲུ་རི་ཡས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་བསྡོམས་འབོར་ཡོ་སྒོར་དུང་ཕྱུར101.5ལ་སླེབས་ནས་ནང་འདྲེན་བསྡོམས་འབོར་གྱི7.0%ཟིན་ཡོད་པས། ཐེངས་དང་པོར་ནང་འདྲེན་ཚོང་ཟོག་རྒྱལ་ཁབ་ཆེན་མོ་ཨང་གཉིས་པར་གྱུར། ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཡོ་སྒོར་དུང་ཕྱུར39.3སླེབས་པས་ཕྱིར་གཏོང་བསྡོམས་འབོར་གྱི2.8%ཟིན་ཡོད་ལ། ཕྱིར་གཏོང་རྒྱལ་ཀབ་ཨང་བཅུ་པ་ཡིན། 2019ལོ་དང་བསྡུར་ན། 2020ལོར་ཨོ་སི་ཁྲུ་རི་ཡས་ཀྲུང་གོ་ནས་ནང་འདྲེན་བྱེད་ཚད3.2%འཕར་བ་དང་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་11.9%མར་ཆག་ཡོད། 

བསྡོམས་རྩིས་གྲངས་གཞི་ལས་ད་དུང་མངོན་པར། པྲོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་འོག་ཨོ་སི་ཁྲུ་རི་ཡའི2020ལོའི་ནང་འདྲེན་དང་ཕྱིར་གཏོང་གི་གྲངས་འབོར2019ལོ་ལས་ཆེས་ཆེར་མར་ཆག་ཡོད་དེ། ནང་འདྲེན་གྲངས་འབོར8.6%ཇེ་ཉུང་དུ་ཕྱིན་པ་དང་ཕྱིར་གཏོང་བསྡོམས་འབོར7.5%ཇེ་ཉུང་དུ་ཕྱིན་ཡོད། ལོ་གཉིས་ནང་གི་ལས་ཀའི་ཉིན་གྲངས་མི་འདྲ་བ་ལེགས་སྒྲིག་བྱས་རྗེས་ལྟར་བརྩིས་ན་ནང་འདྲེན9.0%མར་ཆག་པ་དང་ཕྱིར་གཏོང7.9%མར་ཆག་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།