ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་མི་རིགས་མཐུན་སྒྲིལ་སྲིད་གཞུང་གསར་བ་འཛུགས་པར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཚེས་བཅུ་ཉིན་ལི་པུ་ཡཱའི་དབུས་ཕྱོགས་ཀྱི་གྲོང་ཁྱེར་སུའུ་ཨར་ཐི་ནས་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཛུགས་པར་ཆོག་མཆན་བཀོད་པ་དང་། སྲིད་གཞུང་དེར་ཡིད་ཆེས་ཡོད་པའི་ཚུལ་བསྟན། 

ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་མགྲིན་ཚབ་པ་པཱ་ཨར་ཞེ་ཀི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་ཁོངས་མི་མང་ཤོས་ཀྱིས་འདེམ་ཤོག་འཕངས་ཏེ་མི་རིགས་མཐུན་སྒྲིལ་སྲིད་གཞུང་གསར་བར་རྒྱབ་སྐྱོར་བྱས་ཡོད་ཟེར། 

པཱ་ཨར་ཞེ་ཀི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མི་རིགས་མཐུན་སྒྲིལ་སྲིད་གཞུང་གསར་བས་ཚེས་བཅོ་ལྔ་ཉིན་ཤར་ཕྱོགས་གྲོང་ཁྱེར་པན་ཅཱ་ཞི་ནས་ལས་འགན་ཁུར་རྒྱུ་ཡིན་ཟེར། 

རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཟླ་འདིའི་ཚེས་བརྒྱད་ཉིན་ནས་བཟུང་སུའུ་ཨར་ཐི་ནས་གྲོས་ཚོགས་བསྡུས་ཏེ། མི་རིགས་མཐུན་སྒྲིལ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པར་གྲོས་བསྡུར་བྱས། མི་རིགས་མཐུན་སྒྲིལ་སྲིད་གཞུང་གསར་བའི་ཙུང་ལི་ཏི་པེ་པཱ་ཡིས་གྲོས་ཚོགས་སྐབས་སུ་གཏམ་བཤད་སྤེལ་ཏེ། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་ཁོངས་མི་མང་ཆེ་བའི་རྒྱབ་སྐྱོར་ཐོབ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།