ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་གོ་གཞུང་ཕྱོགས་མི་སྣས་ཀྲུང་གོའི་པྲོག་གསར་རིམས་འགོག་སྨན་ཁབ་བརྒྱབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་གནས་དེ་གའི་དུས་ཚོད་ཟླ2ཚེས28ཉིན་ཐེ་གོའི་ཙུང་ལི་པ་ཡུས་ཀྱིས་མཱན་ཀུའུ་པཱང་ཞི་ནཱ་ལཱ་ཀུའོ་སྨན་ཁང་དུ་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་མཛད་སྒོར་མགོ་འཛིན་བྱས།དེ་ཉིན་པ་ཡུས་ཀྱི་བདེན་དཔང་འོག་ཐེ་གོའི་ཙུང་ལི་གཞོན་པ་དང་སྤྱི་པའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཨ་ནུའུ་ཐིང་དང་རིག་གནས་པུའུ་ཡི་པུའུ་ཀྲང་།ཞིང་ལས་པུའུ་ཡི་པུའུ་ཀྲང་།འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པ།སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་སོགས་ཐེ་གོ་སྲིད་གཞུང་གི་གཞུང་ཕྱོགས་མི་སྣས་ཀྲུང་གོའི་ཁུ་ཞིན་པྲོག་གསར་རིམས་འགོག་སྨན་ཁབ་བརྒྱབ།ཁོ་ཚོ་ནི་ཐེ་གོའི་ཆེས་ཐོག་མའི་རིམས་འགོག་སྨན་ཁབ་རྒྱག་མཁན་རེད།ཐེ་གོའི་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཀྲུང་གོའི་ཁུ་ཞིན་པྲོག་གསར་རིམས་འགོག་སྨན་ཁབ་དེ་ཚེས24ཉིན་ཐེ་གོ་རུ་འབྱོར་བ་དེ་ནི་ཐེ་གོས་དང་ལེན་བྱས་པའི་པྲོག་གསར་རིམས་འགོག་སྨན་ཁབ་ཐོག་མ་དེ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།