ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་དང་རྒྱ་གར་ཕྱོགས་གཉིས་ཀྱིས་ཁི་ཧྲི་མུས་ཨར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་ནན་མོ་བྱེད་པར་ཡིད་འཐད་བྱུང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཕཱ་ཁི་སི་ཐན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་དམག་ཕྱོགས་འཐུས་མིས་ཁ་པར་བརྒྱུད་དེ་གྲོས་མོལ་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་ཁི་ཧྲི་མུས་ཨར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་ནན་མོ་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

ཕཱ་ཁི་སི་ཐན་དམག་གསུམ་གསར་འགྱུར་ཅུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་རང་དབང་དང་རྣམ་དག མཛའ་མཐུན་བཅས་ཀྱི་སྣང་ཚུལ་ཁྲོད་ཁི་ཧྲི་མུས་ཨར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། གྲོས་མཐུན་དང་བཀོད་སྒོམ་བརྗེད་ཐོ་ཚང་མ་བརྩི་སྲུང་ནན་མོ་བྱས་ཏེ་དོན་དངོས་ཚོད་འཛིན་ས་ཁུལ་གྱི་འཁྲུག་རྩོད་བྱ་སྤྱོད་མཚམས་འཇོག་པར་ཡིད་འཐད་བྱུང་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། གཉིས་ཕན་དང་རྒྱུན་མཐུད་ཀྱི་ཞི་བདེ་མངོན་འགྱུར་བྱེད་ཆེད། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱིས་སེམས་ཁུར་བྱེད་པའི་གནད་དོན་གཙོ་བོར་སེམས་ཁུར་བྱས་ཏེ། ཞི་བདེ་ལ་གཏོར་བརླག་བྱེད་པ་དང་དྲག་ཤུགས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པར་ཡིད་འཐད་བྱུང་། ཕྱོགས་གཉིས་ཀྱིས་བསྐྱར་སྒྲོག་བྱས་དོན། ད་ཡོད་ཀྱི་ཁ་པར་སྐུད་ལམ་སོགས་རྐྱེན་སྲོལ་བེད་སྤྱད་དེ་སྔོན་དཔག་བྱེད་དཀའ་བའི་གནས་ཚུལ་དང་འགལ་བ་གང་རུང་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་ཐེངས་འདིའི་ཁ་པར་གྲོས་མོལ་སྤེལ་བའི་བྱེ་བྲག་གི་དུས་ཚོད་གསལ་བོར་གླེང་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།