ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལ་འགས་གཏོར་བྱུང་སྟེ་ཧཱ་སག་སི་ཐན་གྱི་རང་བྱུང་སོལ་རླངས་འདོན་སྤྲོད་མཚམས་ཆད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཨོ་ལོན་པའོ་མངའ་སྡེ་རུ་ཡོད་པའི་ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་རང་བྱུང་སོལ་རླངས་སྦུག་ལམ་དེ་ཚེས་ཉེར་གསུམ་ཉིན་འགས་གཏོར་བྱུང་སྟེ། ཧཱ་སག་སི་ཐན་དུ་འདྲེན་པའི་རང་བྱུང་སོལ་རླངས་སྐྱེལ་འདྲེན་མཚམས་ཆད་པ་རེད། 

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ནུས་ཁུངས་པུའུ་ཡིས་ཉིན་དེར་བསྒྲགས་པ་ལྟར་ན། མནའ་འབྲེལ་རྟགས་ཅན་གྱི་སྦུག་ལམ་གྱི་འགས་གཏོར་བྱུང་ས་ནི་སྤྱི་ལེ་བརྒྱ་དང་བརྒྱད་ཀྱི་མཚམས་ཡིན་པ་དང་། སྤྱི་ལེ་བརྒྱ་དང་ཉེར་གསུམ་བར་གྱི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་གྱི་མཐུད་མཚམས་དེ་ཚེས་ཉེར་གསུམ་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་དང་སྐར་མ་ཞེ་དགུའི་སྟེང་བཅད་པས། ཧཱ་སག་སི་ཐན་གྱི་སྦུག་ལམ་དུའང་སོལ་རླངས་འདྲེན་མཚམས་བཞག་པ་རེད། འགས་གཏོར་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར། 

མིག་སྔར་དོན་རྐྱེན་བྱུང་སའི་ཕྱིར་ཤོར་བའི་སོལ་རླངས་ཐག་གཅོད་ཡོངས་འགྲུབ་བྱས་པ་དང་། ཚོད་དཔག་བྱས་ན་ཉིན་གཉིས་ཀྱི་དུས་ཚོད་ནང་ད་གཟོད་གཏོར་བརླག་ཐེབས་པའི་སྦུག་ལམ་སྒྲིག་ཆས་ཞིག་གསོ་བྱེད་ཐུབ་ངེས་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།