ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན་གོ་ལ་ཧྲིལ་བར་ཕྲོག་གསར་གློ་ཚད་ཀྱིས་ཚེ་ལས་འདས་པའི་ནད་པ་ཁྲི50ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས22ཉིན་གྱི་ཆུ་ཚོད16དང་སྐར་མ24(པེ་ཅིན་གྱི་དུས་ཚོད་ཚེས23ཉིན་གྱི་ཆུ་ཚོད5དང་སྐར་མ24) བར་ཨ་རིའི་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཕྲོག་གསར་གློ་ཚད་ཀྱིས་ཚེ་ལས་འདས་པའི་ནད་པ་ཁྲི50ལས་བརྒལ་ཏེ། ནད་པ500071ཟིན་པ་དང་། རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ28174133ལ་སླེབས་ཡོད།

གྲངས་གཞི་ལས་མངོན་པ་ལྟར་ན། རིམ་རྩིས་བྱས་ན་ཨ་རིའི་ཚེ་འདས་ནད་པ་ཆེས་མང་བའི་མངའ་སྡེ་ནི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེ་ཡིན་ལ། རིམ་རྩིས་བྱས་ན་ཚེ་འདས་ནད་པ49439ཡོད་པ་དང་།  ཉིའུ་གཡོད་མངའ་སྡེ་ལ་ཚེ་འདས་ནད་པ46917ཡོད་པ་དང་། ཏེ་ཁེ་ས་སི་མངའ་སྡེ་ལ་རིམ་རྩིས་བྱས་ན་ཚེ་འདས་ནད་པ་ཁྲི4.2ཡོད་པ་དང་། ཧྥུ་རོ་ལི་ཏ་མངའ་སྡེ་ལ་ཚེ་འདས་ནད་པ་ཁྲི3ཡོད་པ་དང་། ཞིན་ཙེ་ཞི་མངའ་སྡེ་དང་དབྱི་ལི་ནོ་དབྱི་མངའ་སྡེ་ལ་རིམ་རྩིས་བྱས་ན་ཚེ་འདས་ནད་པ་ཁྲི2.2ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་རུ2020ལོའི་ཟླ5པའི་ཚེས27ཉིན་བར་རིམ་རྩིས་བྱས་ན་ཕྲོག་གསར་གློ་ཚད་ཀྱིས་ཚེ་ལས་འདས་པའི་ནད་པ་ཁྲི10ལས་བརྒལ་བ་དང་། ཟླ9པའི་ཚེས22ཉིན་བར་ཚེ་ལས་འདས་པའི་ནད་པ་ཁྲི20ལས་བརྒལ། ཟླ12པའི་ཚེས14ཉིན་བར་ཚེ་ལས་འདས་པའི་ནད་པ་ཁྲི30ལས་བརྒལ། 2021ལོའི་ཟླ1པོའི་ཚེས19ཉིན་བར་ཚེ་ལས་འདས་པའི་ནད་པ་ཁྲི40ལས་བརྒལ།  ཚེ་འདས་ནད་པ་ཁྲི10ནས་ཁྲི20སླེབས་པར་ཟླ4དང་། ཁྲི20ནས་ཁྲི30སླེབས་པར་ཟླ3། ཁྲི30ནས་ཁྲི40དང་ཁྲི40ནས་ཁྲི50སླེབས་པར་ཟླ1ལས་འགོར་མེད་པ་རེད།

གཞི་གྲངས་འདི་དག་ནི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་ཞིབ་འཇུག་རྣམ་གྲངས་ཀྱིས་དུས་ཐོག་ཏུ་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲངས་གཞི་ཕྱོགས་བསྡུས་བྱས་པ་ལས་ཐོབ་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།