ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་དབྱི་རག་ནས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་བདེ་འཇགས་མི་སྣ་དང་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་དམག་དོན་འགུལ་སྐྱོད་སྤེལ་སྐབས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བསད་ཟེར། 

མི་དམངས་སྐུལ་སློང་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེའི་ཁོངས་མིས་ཉིན་དེར་རྒྱལ་ས་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཡོད་པའི་ཐཱ་ཨར་མུས་ཡེ་ས་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱས་ཏེ། མགོ་བ་གཉིས་དང་བཅས་པའི་དྲག་ཆས་ཉེས་ཅན་ལྔ་བསད། མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག་ཡོད་ཟེར། 

ཉིན་དེར་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་རླངས་འཁོར་ཞིག་ལ་དབྱི་རག་དབུས་ཕྱོགས་ཀྱི་པཱ་པུས་ལོན་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་སྦས་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག

གཞན་ཡང་དབྱི་རག་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོ་སཱ་ཨ་ཏིས་ཀྱིས་བསྒྲགས་པ་ལྟར་ན། གསང་ཉུལ་མི་སྣས་ཉིན་དེར་ཞིང་ཆེན་དེའི་ཧཱ་ནེ་ཀིན་གྲོང་རྡལ་གྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་ཞིག་ལ་གཙང་ཕྱགས་བྱས་ཏེ། མི་གཅིག་བསད་པ་དང་མི་གསུམ་འཛིན་བཟུང་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།