ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོས་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲང་ཅ་ཁུག་འགྲན་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློགའཕྲིན་ལྟར་ན། ཟླ་གཉིས་པའི་ཚེས་བཅུ་གསུམ་དང་བཅུ་བཞི་ཉིན་གཉིས་ལ། ཕྱི་འབྲེལ་པུའུ་དང་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གདན་དྲངས་པ་ལྟར། ཨུ་རུ་སི་དང་ཧྥ་རན་སི། འཇར་མན། དབྱི་ཐ་ལི། འཇར་པན། ཧན་གོ། ཧིན་རྡུ་ཉི་ཞི་ཡ། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་སུམ་ཅུ་ཙམ་གྱི་རང་རྒྱལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་དང་ཡང་ན་མཐོ་རིམ་ཕྱི་འབྲེལ་དཔོན་པ་རྣམས་ཀྲང་ཅ་ཁུག་སོང་སྟེ་ཉིས་སྟོང་ཉེར་གཉིས་ལོའི་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲང་ཅ་ཁུག་འགྲན་ཁུལ་ལ་རྟོག་ཞིབ་བྱས།

རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ཡིས་གཞུང་ཚབ་ཆེན་མོ་རྣམས་དང་མཉམ་དུ་བཞུགས་མོལ་བྱས་པར་མ་ཟད་སྣེ་ལེན་ཚོགས་འདུ་བསྡུས། བང་དབྱི་ཡིས་བཤད་དོན། ཀྲུང་གོ་སྲིད་གཞུང་གིས་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་ཐུགས་ཁུར་དང་མཛུབ་སྟོན་གནང་ཞིང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ཡིས་ཐེངས་མང་པོར་ཐུགས་ཁུར་གནང་བ་དང་རྒྱབ་སྐྱོར་བྱས། མིག་སྔར་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་བར་ལོ་གཅིག་ཙམ་མ་གཏོགས་མེད་པ་དང་གྲ་སྒྲིག་བྱ་བ་སྣ་ཚོགས་གོ་རིམ་ལྡན་པར་སྒྲུབ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ལྗང་མདོག་དང་མཉམ་སྤྱོད། སྒོ་འབྱེད། དག་གཙང་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་གཞན་དང་མི་མཚུངས་ཤིང་གཟབ་རྒྱས་ཆེ་བའི་འགྲན་ཚོགས་ཤིག་བསྡུ་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།