ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིསཅིན་ཀྲིན་ཨིན་ཀྱི་སྟེང་ནས་རྒྱལ་དམངས་དཔལ་འབྱོར་འཆར་གཞི་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་ཉིན་ཁྲའོ་ཞན་ངལ་རྩོལ་ཏང་སྐབས་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་བཅའ་ཁྲིམས་ཀྱི་སྟེང་ནས་རྒྱལ་དམངས་དཔལ་འབྱོར་འཆར་གཞི་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ་དང་། ཏང་གི་མཛུབ་སྟོན་བྱ་བར་ཤུགས་བསྣན་ནས། ད་ལོའི་དཔལ་འབྱོར་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཅིན་ཀྲིན་ཨིན་གྱིས་སྙན་ཞུའི་ནང་བཤད་རྒྱུར། རྒྱལ་དམངས་དཔལ་འབྱོར་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་གྱི་བཅའ་ཁྲིམས་ལྟ་སྐུལ་དང་དོ་དམ་ནུས་པ་ཇེ་ཆེར་གཏོང་རྒྱུ་ནི་གལ་ཆེ་བས། ཁྲིམས་ལུགས་སྡེ་ཁག་གིས་རྒྱལ་དམངས་དཔལ་འབྱོར་འཆར་གཞི་ལག་བསྟར་བྱེད་པར་བཀག་འགོག་བྱེད་པའི་ལུགས་མཐུན་མིན་པའི་རྒྱུ་རྐྱེན་སེལ་ནས། ཐོན་སྐྱེད་འཛུགས་སྐྲུན་གྱི་ཕན་འབྲས་ཇེ་ཆེར་གཏོང་ཐུབ་པའི་བཅའ་ཁྲིམས་གསར་བ་གཏན་འབེབས་བྱེད་དགོས།

ཁོས་བཤད་རྒྱུར། བཅའ་ཁྲིམས་ལས་ཁུངས་ཀྱི་ནུས་པ་ཇེ་ཆེར་བཏང་ནས། རྒྱལ་དམངས་དཔལ་འབྱོར་འཆར་གཞི་ཡང་དག་པར་བརྒྱུད་བསྒྲགས་དང་ལག་བསྟར་བྱེད་དགོས་ལ། ལྷག་པར་དུ་བཅའ་ཁྲིམས་བྱ་བའི་ནུས་ཤུགས་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་སྟེ། དཔལ་འབྱོར་བྱ་འགུལ་ཁྲོད་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་ཚད་ལ་མཐའ་གཅིག་ཏུ་རྒོལ་རྡུང་བྱེད་དགོས།

སྙན་ཞུ་ལས་སྔོན་ཆད་ཀྱི་དཔལ་འབྱོར་བྱ་བའི་ཁྲོད་དུ་སྐྱོན་ཆ་དང་ནོར་འཁྲུལ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་པའི་རྩ་འཛུགས་པའི་ལས་འགན་དོན་འཁྱོལ་བྱེད་མ་ཐུབ་པ་དེ་ཡིན་ཞེས་དབྱེ་ཞིབ་བྱས་ཡོད་པར་མ་ཟད། ད་ལོའི་དཔལ་འབྱོར་ལས་འགན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པའི་ལངས་ཕྱོགས་སྟེང་ནས་ཏང་གི་མཛུབ་སྟོན་བྱ་བར་ཤུགས་སྣོན་དགོས་ཞེས་བསྟན་ཡོད།

ཁྲའོ་ཞན་ངལ་རྩོལ་ཏང་སྐབས་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚེས་བརྒྱད་ཉིན་ཕིན་རང་ནས་འཚོགས་མགོ་བརྩམས་ཏེ། ཟླ་དང་པོར་འཚོགས་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་བཏོན་པའི་འཐབ་ཇུས་ལས་འགན་དང་ད་ལོའི་བྱ་བའི་འཆར་གཞི་ཇི་ལྟར་དོན་འཁྱོལ་ཞིབ་མོ་བྱེད་པའི་སྐོར་ནས་གྲོས་སྡུར་བྱས། ཅིན་ཀྲིན་ཨིན་གྱིས་ཚེས་དགུ་ཉིན་ཁྲའོ་ཞན་ངལ་རྩོལ་ཏང་སྐབས་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཆར་གཞིའི་ལོ་ལྔའི་འཆར་འགོད་གྱི་ལོ་དང་པོའི་ལས་འགན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་རྩ་འཛིན་རང་བཞིན་གྱི་སྙན་ཞུ་ཕུལ་ནས། ད་ལོའི་དཔལ་འབྱོར་རིག་གནས་སོགས་ཁྱབ་ཁོངས་ཀྱི་ལས་འགན་བཏོན།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།