ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥེ་གླིང་མནའ་འབྲེལ་དབུ་ཚོགས་སྐབས34བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས6ཉིན་ཧྥེ་གླིང་མནའ་འབྲེལ་དབུ་ཚོགས་སྐབས34བར་འཕྲིན་ཡིག་སྤྲིངས་ནས་ཧྥེ་གླིང་རྒྱལ་ཁབ་ཁག་དང་མི་དམངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། ཞི་ཅིན་ཕིང་གིས་ཧྥེ་གླིང་རྒྱལ་ཁབ་དང་མི་དམངས་རྣམས་མཉམ་འབྲེལ་རང་གཅེས་དང་འཕེལ་རྒྱས་མདུན་སྐྱོད་ཀྱི་ལམ་བུ་སྟེང་མུ་མཐུད་དུ་གྲུབ་འབྲས་ཆེན་པོ་ལོན་པར་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས2020ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་བརྗེད་པར་དཀའ་བའི་ལོ་ཞིག་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་པྲོག་གསར་གློ་ཚད་རིམས་ནད་གསར་པར་འགོག་རྒོལ་བྱེད་པའི་དུས་མཚུངས་སུ་ཕན་ཚུན་རྒྱབ་སྐྱོར་དང་དུས་ངལ་མཉམ་སེལ་བྱས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཉིས་དུས་མཉམ་དུ་མཐུན་སྒྲིལ་སྒོས་རིམས་ནད་འགོག་པའི་དམིགས་བསལ་དབུ་ཚོགས་སྒྲུབ་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ། ཕྱོགས་གཉིས་པོས་ཐུན་མོང་སྒོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བཅས་བྱས་ནས་འཛམ་གླིང་ཡོངས་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ཆུ་ཚད་མངོན་མཚོན་བྱས་ཡོད། ད་ལོར་སྐབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཚོགས་འདུ་སེ་ནེ་ཀལ་དུ་འཚོག་རྒྱུའི་སྔོན་བཀོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཐུན་མོང་གི་འཐབ་ཇུས་ལ་ངོས་འཛིན་དང་། རིམས་ནད་འགོག་པའི་མཉམ་ལས་ལ་སྐུལ་འདེད། ཁྱོན་ཡོངས་ནས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡོང་བ། ཀྲུང་གོ་དང་ཨ་ཧྥེ་རི་ཁས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྔར་ལས་ལྷག་པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་འབད་བརྩོན་ལྷོད་མེད་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།