རྒྱ་གར་གྱི་སྐབས་བཅུ་གསུམ་པའི་མཁའ་འགྲུལ་འགྲེམ་སྟོན་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་གྱི་སྐབས་བཅུ་གསུམ་པའི་མཁའ་འགྲུལ་འགྲེམ་སྟོན་ཚེས་གསུམ་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་པན་ཅཱ་ལོ་ཨར་ཡེ་ལཱ་ཧན་ཁཱ་མཁའ་དམག་རྟེན་གཞི་ནས་སྤེལ་མགོ་བརྩམས། འགྲེམ་སྟོན་ལ་ཞུགས་པའི་ཚོང་བ་དྲུག་བརྒྱ་ལྷག་གི་ཁྲོད་དུ་ཕྱི་རྒྱལ་གྱི་འགྲེམ་ཞུགས་ཚོང་བ་དོན་བརྒྱད་ཡོད་པ་རེད། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཉིན་དེར་སྤེལ་བའི་མགོ་རྩོམ་པའི་མཛད་སྒོའི་འཁྲབ་སྟོན་ཁྲོད། རྒྱ་གར་གྱི་སུའུ-30རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་རུ་ཁག་དང་གྱེན་འཕུར་གནམ་གྲུའི་རུ་ཁག རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ། -17རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་སོགས་ཀྱིས་འཕུར་རྩལ་འཁྲབ་སྟོན་བྱས། སྐབས་འདིའི་འགྲེམ་སྟོན་དེ་ཚེས་ལྔ་ཉིན་བར་སྤེལ་རྒྱུ་རེད་ཟེར། 

རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། སྐབས་འདིའི་མཁའ་འགྲུལ་འགྲེམ་སྟོན་གྱིས་རྒྱ་གར་གྱི་མཁའ་འགྲུལ་དང་རྒྱལ་སྲུང་བཟོ་ལས་ཐད་སྟེགས་བུ་བཟང་བོ་ཞིག་འདོན་སྤྲོད་བྱས་ཡོད་ཟེར། 

རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་སྐབས་འདིའི་མཁའ་འགྲུལ་འགྲེམ་སྟོན་དེས་མང་ཚོགས་ལ་ཚད་ཡོད་པའི་མཁའ་འགྲུལ་འཕུར་རྩལ་གྱི་འཁྲབ་སྟོན་ལེ་ཚན་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། མང་ཚོགས་ཟབ་ཞུགས་བྱེད་པར་སྐུལ་འདེད་གཏོང་ཆེད་གཙོ་སྒྲུབ་ཕྱོགས་ཀྱིས་མཁའ་འགྲུལ་འགྲེམ་སྟོན་གྱི་ཆེད་སྤྱོད་ལད་བཟོའི་སྟེགས་བུ་བསྐྲུན་ཡོད་པ་རེད། 

རྒྱ་གར་གྱི་མཁའ་འགྲུལ་འགྲེམ་སྟོན་དེ་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་མགོ་བརྩམས་པ་དང་། རྒྱ་གར་རྒྱལ་སྲུང་པུའུ་དང་རྒྱ་གར་མཁའ་དམག་སོགས་ཀྱིས་མཉམ་དུ་རྩ་འཛུགས་བྱེད་བཞིན་ཡོད་ལ། ལོ་གཉིས་ཀྱི་ནང་ཐེངས་རེར་སྤེལ་བཞིན་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།